དབུ་ཤོག>གསར་འགྱུར།
  • ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་གླེང་སྟེགས་གཉེར་ནས་དངུལ་རྩ་གསར་གཏོད་དང་དབུལ་སེལ་སྐོར་བགྲོ་གླེང་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-07-30

    ཤིན་ཧྭ་གསར་འགྱུར་ཁང་ཝན་ཐེན་ནས་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གྱི་སྔ་དྲོ་སྐབས་དགུ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སེལ་གྱི་གླེང་སྟེགས་ལོ་སིའི་ཝན་ཐེན་དུ་གཉེར་བ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། རྒྱལ་སྤྱིའི་རྩ་འཛུགས། སྲིད་གཞུང་མིན་པའི་རྩ་འཛུགས། ཁེ་ལས། དེ་བཞིན་སྨྱན་སྦྱོར་གྱི་འཐུས་མི་སོགས་མི་གྲངས་150ལྷག་ཙམ་ཚོགས་འདུར་ཞུགས་ནས“དངུལ་རྩ་གསར་གཏོད་དང་དབུལ་སེལ”གྱི་བརྗོད་དོན་གཙོ་བོ་དེར་དམིགས་ནས་བགྲོ་གླེང་བྱས་པ་རེད།

    གླེང་སྟེགས་དེ་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་དང་ལོ་སིའི་རྒྱལ་ཁབ་གྲོང་གསེབ་འཕེལ་རྒྱས་དང་དབུལ་སེལ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཧུང་ཐེན་ཡུན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུང་སྐབས་2007ལོ་ནས་བཟུང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཁག་གིས་ལོ་ལྟར་ཐུན་མོང་ཐོག་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སེལ་སྐོར་གྱི་གླེང་སྟེགས་གཉེར་བ་དང་གླེང་སྟེགས་དེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་གྱི་དབུལ་སེལ་དང་འཕེལ་རྒྱས་ཀྱི་ཉམས་མྱོང་ལོངས་སུ་སྤྱོད་པའི་སྟེགས་བུ་ཞིག་ཏུ་གྱུར་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཞི་བདེ་དང་འཕེལ་རྒྱས་ལ་ཕྱོགས་པའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བཤད་པ་རེད།

    ལོ་སིའི་རྒྱལ་ཁབ་གྲོང་གསེབ་འཕེལ་རྒྱས་དང་དབུལ་སེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པིན་ཧེང·ཏོན་ཕ་ཀྲེན་གྱིས་ལོ་སི་སྲིད་གཞུང་གིས་གྲོང་གསེབ་ཀྱི་དངུལ་ཁང་དང་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་སོགས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་བ་དང་དུས་མཚུངས་སུ་ཁྲིམས་འཛུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཚོ་རིམ་པའི་འཕེལ་རྒྱས་ཀྱི་ཐེབས་རྩ་འཛུགས་པ། གྲོང་གསེབ་ས་ཁུལ་དུ་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ནས་ས་ཁུལ་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུ་མགྱོགས་སུ་གཏོང་རྒྱུ་རེད། འོན་ཀྱང་ལོ་སིའི་དབུལ་པོའི་མི་འབོར་གྱི་གཞི་གྲངས་མང་ཙམ་ཡོད་པས་དབུལ་སེལ་ཐད་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ཀྲུང་གོའི་རོགས་རམ་སྔར་བཞིན་མཁོ་གི་ཡོད་ཅེས་བཤད་པ་རེད། ཁོང་གིས་གླེང་སྟེགས་ཀྱིས་ལོ་སིའི་ས་ཁུལ་དེ་བས་མང་བ་ཞིག་དབུལ་སྒྲོལ་ཡོང་ཆེད་ཉམས་མྱོང་དང་དཔེ་མཚོན་མཁོ་འདོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

    ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སེལ་གླེང་སྟེགས་དེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་དབུལ་སེལ་གྱི་བརྗོད་བྱ་གཙོ་བོར་དམིགས་ནས་བཙུགས་པའི་ལམ་སྲོལ་རང་བཞིན་གྱི་བྱེད་སྒོ་ཞིག་ཡིན་པ་དེའི་དམིགས་ཡུལ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་ཀྲུང་གོའི་སྲིད་ཇུས་བཟོ་མཁན་དང་། རིགས་པའི་གཞུང་ལུགས་ཞིབ་འཇུག་པ། འཕེལ་རྒྱས་ལག་ལེན་པ་བཅས་ལ་མཁོ་འདོན་བྱས་པའི་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སེལ་སྲིད་ཇུས་དང་ཉམས་མྱོང་ལོངས་སུ་སྤྱོད་པའི་སྤེལ་རེས་སྟེགས་བུ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།