དབུ་ཤོག>གསར་འགྱུར།
  • ལོ་སྟོད་དུ་ལྷོ་ཁ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་40ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-30

    གསར་འགོད་པར་ཟླ་7ཚེས་25ཉིན་འཚོགས་པའི་ལྷོ་ཁ་ས་ཁུལ་གྱི་ལོ་སྟོད་དཔལ་འབྱོར་འཁོར་སྐྱོད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ལོ་སྟོད་དུ་ས་ཁུལ་དེས“དཔེ་སྟོན་ཁུལ་དྲུག”དང“བདུན་ལྡན་ལྷོ་ཁ”སྐྲུན་མགྱོགས་སུ་བཏང་བའི་ཁར“འཕེལ་རྒྱས་ཚད་བརྒལ་ལོ”དང“4321”གི་ལས་དོན་ཁག་ཧུར་ཐག་བསྒྲུབས་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་རྒྱུན་འཁྱོངས་ཐུབ་སྟེ་སྤྱིའི་ཆ་ནས“མཐོ་བ་གཉིས་དང་། མགྱོགས་པ་བཞི། བརྟན་པོ་གསུམ”བཅས་ཀྱི་ཁྱད་ཆོས་མངོན་ཡོད་པ་རེད།

    ནོར་སྲིད་དང་ཁྲལ་བསྡུའི་ཡོང་འབབ་ཆེས་ཆེར་འཕར་ནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་6.39ཟིན་པ་དེ་དུས་མཚུངས་ལས་40%འཕར་བ་དང་། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་9.83ཟིན་པ་དེ་དུས་མཚུངས་ལས་23.7%འཕར་བ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར། ཞིང་འབྲོག་པ་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བཅས་ཅུང་མགྱོགས་པོ་འཕར་ནས་སྒོར་དུང་ཕྱུར་40.23དང་། སྒོར་དུང་ཕྱུར་17.1 སྒོར་3318 སྒོར་11732བཅས་སོ་སོར་ཟིན་ཏེ་10.6%དང་། 20.8% 15.3% 11.3%བཅས་སོ་སོར་འཕར་བ། བཟོ་ལས་ཐོན་སྐྱེད་རིན་ཐང་དང་། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ། དངུལ་རྩའི་དངུལ་བཅོལ་དངུལ་བུན་ལྷག་གྲངས་བཅས་བརྟན་པོའི་ངང་འཕར་ནས་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་10.1དང་། སྒོར་དུང་ཕྱུར་65.01 སྒོར་དུང་ཕྱུར་262.36 སྒོར་དུང་ཕྱུར་230.69བཅས་ཟིན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།