དབུ་ཤོག>གསར་འགྱུར།
  • ལྷག་བསམ་སྤྱོད་བཟང་ལ་བརྟེན་ནས་མི་གཤིས་ཀྱི་མཛེས་སྡུག་མཚོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-30

    རྐང་པ་ཡ་གཅིག་དྲུད་ནས་ལོ་30ལྷག་གི་རིང་སྨི་ངོས་གྲུ་བརྒྱ་ཕྲག་གི་སྡེ་ཁུལ་གྱི་སྤྱི་པའི་ས་ཆ་གཙང་ཕྱགས་བྱས་པ་དང་། ལོ་20རིང་རིམ་རྩིས་བྱས་ན་ཁྲག་ཧའོ་ཧྲེང་ཁྲི་9.7ཁྲག་སྦྱིན་གཏོང་བ། ལས་དགོངས་ཞུས་ཏེ་ཕ་ཡུལ་དུ་ལོག་ནས་ལོ་11རིང་གཞིས་ལུས་བྱིས་པར་རོགས་རམ་བྱས་པ། ལོ་16རིང“གནས་སྐབས་ལས་བཟོ་པ”ཆུ་རུ་ལྷུང་མཁན་བཅུ་ལྷག་བསྐྱབས་པ་སོགས་བྱས་ཤིང་། དེ་ལྟ་བུའི་ཆ་ནས་བལྟས་ན་ཕལ་པ་ཡིན་པའི་མི་ཞིག་གིས་ལོ་བཅུ་ཕྲག་རིང་ཉིན་གཅིག་ལྟར་རྒྱུན་ཆད་མེད་པར་བརྩེ་སེམས་གཞན་ལ་སྦྱིན་པར་མ་ཟད། དྲོད་སྐྱིད་དག་ང་ཚོ་མི་གྲངས་མེད་ཀྱི་སེམས་དབུས་སུ་སྔར་བས་ཀྱང་མཚོན་པར་བྱས་པ་རེད།

    འཚོ་བའི་ཁྲོད་ཁོ་ཚོ་བབ་ཆགས་ཟོལ་མེད་ཡིན་ལ་ལས་ཀའི་ཁྲོད་ཀྱང་ཁོ་ཚོར་ཕུན་སུམ་ཚོགས་པོའི་ཆ་ཡོད་པ་མཐོང་དཀོན་མོད། འོན་ཀྱང་ཁོ་ཚོའི་སྤྱིར་བཏང་མིན་པའི་ཆ་དེ་དགེ་བའི་ལམ་དུ་སྐད་གྲགས་མེད་པར་བརྩོན་ནས་མི་གཤིས་ཀྱི་ལྷག་བསམ་མཛེས་སྡུག་མཚོན་པ་དང་། གནོང་འགྱོད་མེད་པའི་རིན་ཐང་གི་གདམ་ག་དང་མི་ཚེའི་འཚོལ་སྙེག་མངོན་པ། རང་ཉིད་ཀྱི་མི་ཚེའི་མཐོ་ཚད་གསར་གཏོད་བྱེད་པ་བཅས་རེད།

    ཁོང་མི་ཕལ་པ་ཡིན་རུང་བསམ་པ་རླབས་ཆེན་ཡིན། ཁོང་ཚོ་ནི“སྒྲོན་མེ”དང་འདྲ་བར་མི་གཤིས་ཀྱི་མཛེས་སྡུག་གསལ་བར་བྱས་པ་དང་། དུས་རབས་ཀྱི་གཤིས་སྤྱོད་གསོ་སྐྱོང་བྱས་པ། ཀུན་སྤྱོད་ཀྱི་མཐོ་ཚད་བཏོད་པ་བཅས་རེད། མི་གཤིས་ཁྲོད་བཀྲག་མདངས་ཆེ་བའི་གཟི་བྱིན་དེས་ང་ཚོས་སེམས་རྒྱུད་བརླན་པ་དང་དེ་ལས་ཀྱང་སྤྱི་ཚོགས་ལ་དྲོ་སྐྱིད་དང་སྟོབས་ཤུགས་སྩོལ་བཞིན་ཡོད་པ་རེད།

    དེང་གི་སྤྱི་ཚོགས་སུ་འགྲན་རྩོད་ཉིན་བཞིན་ཛ་དྲག་ཏུ་འགྲོ་བ་དང་ཁེ་ཕན་གྱི་ཞུ་འབོད་སྣ་ཚོགས་བྱས་ཏེ་རྟག་ཏུ་བྱ་སྤྱོད་དང་ཀུན་སྤྱོད་ཀྱི་ཚད་གཞི་ཤོར་བའི་གནས་ཚུལ་མང་པོ་ཐོན་པ་མཐོང་དུས་ལ་ལས་འཇིག་རྟེན་གྱི་ཀུན་སྤྱོད་ཉིན་བཞིན་ཉམས་རྒུད་དང་མི་སེམས་སྲོལ་བཟང་དང་མི་མཐུན་པར་དབུགས་རིང་གཏོང་བཞིན་ཡོད། འོན་ཀྱང་མི་དཀྱུས་མ་དེ་དག་གི་སྤྱོད་བཟང་ལས་ང་ཚོར་སེམས་བཟང་དང་བློ་སྟོབས་ང་ཚོའི་འགྲམ་དུ་གནས་པ་དང་གཅེས་སེམས་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ང་ཚོ་དང་གཏན་ནས་གྱེས་མྱོང་མེད་པ་མཐོང་ཐུབ། ཁོང་ཚོས་བྱ་སྤྱོད་ལ་བརྟེན་ནས་འཛམ་གླིང་ཐོག་གི་མི་ཚོར་སྤྱོད་བཟང་དང་སེམས་བཟང་ནི་སྔར་བཞིན་དུས་རབས་ཀྱི་གཙོ་རྒྱུན་དང་སྤྱི་ཚོགས་ཀྱི་རྒྱུན་རྣམ་ཡིན་པ་བརྗོད་ཡོད།

    འཇིག་རྟེན་པའི་སྤྱོད་བཟང་དག་གིས་ང་ཚོར་བྱུང་བ་ནི་བརྩེ་སེམས་ཐད་ཀྱི་སེམས་འགུལ་ཐེབས་པ་ཙམ་མིན་པར་བློ་སྒོ་འབྱེད་པ་དང་བྱ་སྤྱོད་ཀྱི་རང་རྟོགས་ཤིག་རེད། “ཆུ་ཐིགས་བསགས་ནས་རྒྱ་མཚོ་དང་བྱེ་མ་བསགས་ནས་བྱེ་རི་ལྟར”ཁྱེད་ཀྱི་བྱ་སྤྱོད་ལས་སྤྱི་ཚོགས་ཀྱི་རྣམ་པ་མཚོན་ཐུབ། མི་ཕལ་པས་སྤྱོད་བཟང་དཔལ་འབར་ཐོག་ནས་ང་ཚོ་མི་ཚང་མའི་སེམས་བཟང་གི་སྒྲོན་མེ་སྦར་ཏེ་ཚང་མས་དེ་གར་ཕྱོགས་ཚེ་མང་པོའི་སེམས་བཟང་གཅིག་ཏུ་འགྲིལ་ཁར་འོད་སྟོང་འཕྲོས་ནས་སྤྱི་ཚོགས་ལ་རྫོགས་མཐའ་མེད་པའི་དྲོ་སྐྱིད་དང་འོད་སྣང་སྦྱིན་པ་མ་ཟད་མི་རིགས་མདུན་སྐྱོད་ཀྱི་ལམ་བུ་ཡང་གསལ་པོར་བསྒྱུར་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།