དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“གཉིས་ལྡན་དུད་སྦྲེལ”གཅིག་སྡུད་ཐོག་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-29

    “གཉིས་ལྡན་དུད་སྦྲེལ”གྱི་ལས་ཀའི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་ལྗོངས་ཡོངས་ཀྱི་དུད་སྦྲེལ་འཐུས་མིའི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ལས་སྒོའི་བྱང་ཚད་མཐོ་རུ་བཏང་ནས་རྒྱུན་གཏན་ལས་ཀའི་ཁྲོད་ལྗོངས་ཡོངས་ཀྱི་དུད་སྦྲེལ་འཐུས་མིའི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གསར་གཏོད་གཞུང་དོན་ཁང་གིས་སྣེ་ཁྲིད་དེ་ཁྲེང་ཀོན་ཆུས་སྤྱི་བདེ་མེ་ཟོན་རུ་ཆེན་སོགས་ཚན་པ་སྒྲིག་འཛུགས་བྱས་ནས་རང་ངོས་ཀྱི་ལས་སྒོ་དང་གཞི་རིམ་གྱི་དགོས་མཁོར་དམིགས་ནས་“གཉིས་ལྡན་དུད་སྦྲེལ”གཅིག་སྡུད་ཐོག་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་བྱེད་རིང་ཁྲེང་ཀོན་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གསར་གཏོད་གཞུང་དོན་ཁང་གིས་སྡེ་ཁུལ་གྱི་དུད་སྦྲེལ་འཐུས་མིའི་མིག་སྔའི་ལས་ཀའི་དགོས་མཁོར་དམིགས་ནས་ལས་དོན་མི་སྣ་འཇོན་ཐང་ཅན་སྐོང་འཐེན་གྱིས་གསོ་སྦྱོང་ཚོགས་པ་བཙུགས་ནས་གཞི་རིམ་གྱི་དོན་དངོས་དང་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱེད་པ་དང་། བོད་རྒྱ་སྐད་གཉིས་སྤྱད་དེ“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་ཁྲོད་ཀྱི་བཀོལ་སྤྱོད་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། དུད་སྦྲེལ་འཐུས་མིའི་ལས་ཀའི་འགན་འཁྲི། 《ཁྲེང་ཀོན་ཆུས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ལག་དེབ》དུད་སྦྲེལ་འཐུས་མིའི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་གི་སྐད་འཕྲིན་སྟེགས་བུ་བཀོལ་སྤྱོད་བྱེད་པ་སོགས་ཀྱི་ནང་དོན་ཞིབ་ཚགས་པ་དང་གོ་བདེ་ཞིང་ཤེས་སླ་བའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་རེད།

    གསོ་སྦྱོང་མཇུག་འགྲིལ་རྗེས་དུདསྦྲེལ་འཐུས་མིས་སྒྲོག་འགྲེལ་ཚོགས་པ་དང་གསོ་སྦྱོང་གི་ནང་དོན་སྤེལ་རེས་ཧུར་ཐག་བྱས་པ་དང་ལས་ཀའི་ཁྲོད་ལྷག་པའི་གནད་དོན་དང་མི་འདང་ས་གཅིག་རྗེས་གཉིས་མཐུད་ངང་དྲིས་པར་སྒྲོག་འགྲེལ་ཚོགས་པའི་ལས་དོན་མི་སྣས་སུན་སྣང་མེད་པའི་སྒོ་ནས་ལན་བརྒྱབ་པ་དང་། དུད་སྦྲེལ་འཐུས་མིས་ཀྱང་གསོ་སྦྱོང་བྱས་པ་བརྒྱུད“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་ལ་སྔར་བས་ངོས་འཛིན་ཐུབ་པ་དང་འབྲེལ་ཡོད་ལས་སྒོའི་ལས་དོན་སྤེལ་སྟངས་ཁོང་དུ་ཆུད་པ། ལྷག་པར་དུ་སྐད་འཕྲིན་སྟེགས་བུའི་ལས་དོན་ཐག་གཅོད་དང་གོང་ཞུ་བྱེད་པ་སོགས་ཀྱི་ལས་དོན་ལ་སྔར་བས་རྒྱུས་མངའ་ལོན་ནས་རྒྱུན་གཏན་གྱི་ལས་དོན་སྤེལ་རྒྱུར་རོགས་རམ་ཆེན་པོ་ཡོང་ངེས་རེད། ད་རེས་གསོ་སྦྱོང་བྱས་པ་བརྒྱུད་དུད་སྦྲེལ་འཐུས་མིའི་རིག་གནས་བྱང་ཚད་དང་ལས་སྒོའི་བྱང་ཚད་མཐོ་རུ་ཕྱིན་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།