ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གིས་སྟོངས་ལ་ཉེ་བའི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་སྒྱུ་རྩལ་སྔོག་འདོན་དང་སྲུང་སྐྱོབ་བྱས་པ་དང་བསྟུན་ནས་ཀརྨ་སྒར་བྲིས་ལུགས་རྒྱུན་འཛིན་དང་དར་སྤེལ་ཟམ་མི་ཆད་པ་བྱུང་ཡོད། བོད་ཤར་རྒྱུད་ཀྱི“དམངས་ཁྲོད་སྒྱུ་རྩལ་པ་བཅུ”དང་ཀརྨ་སྒར་བྲིས་ལུགས་ཀྱི་གྲགས་ཅན་རྒྱུན་འཛིན་པ་ལོ་83ལ་སླེབས་པའི་ཀརྨ་བདེ་ལེགས་ཀྱིས་ཕ་ཡུལ་དུ་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་འབྲི་ཁང་བཙུགས་པ་དང་། འདིར་ཉིན་ལྟར་སློབ་མ་བཅུ་གྲངས་ཁ་ཤས་ཀྱིས་ཀརྨ་སྒར་བྲིས་ཐང་གའི་འབྲི་སྟངས་སྦྱོང་བཞིན་ཡོད་པ་དང་སྔ་རྗེས་སུ་སློབ་མ་500ལྷག་ཙམ་འདི་ནས་ཐོན་ཡོད། འདི་ནི་སློབ་མ་བདེ་ཆེན་གཡུ་སྒྲོན་གྱིས་ཐང་ག་འབྲི་སྟངས་སྦྱོང་བའི་གནས་ཚུལ་ཡིན་པ།