དབུ་ཤོག>གསར་འགྱུར།
  • ​ “4·25”ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས་ལོ་སྟོད་དུ་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བྱེད་ཚད་ཆེན་པོ་ཆག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-28

    ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ནེ་པ་ལའི“4·25”ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས་འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་33.44ཟིན་པ་དེ་དུས་མཚུངས་ལས་35.09%ཆག་ཡོད་པ་རེད།

    བསྡོམས་རྩིས་ནང“4·25”ས་ཡོམ་བརྒྱབ་པའི་ཟླ་བ་དེར་རང་ལྗོངས་དང་ནེ་པ་ལའི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5ཟིན་པ་དེ་དུས་མཚུངས་ལས་57.17%ཆག་པ་དང་། ཟླ་5པར་རང་ལྗོངས་དང་ནེ་པ་ལའི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་100ཡིན་པ་དང་། 99.9%ཆག་ནས་ཕྱིར་གཏོང་དངུལ་འབོར་ཀླད་ཀོར་ཡིན་པ། ཟླ་6པར་ཕྱོགས་གཉིས་པོའི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ལས་སྒོ་མུ་མཐུད་འཕེལ་མེད་རང་སོར་ལུས་ནས་ཕྱིར་གཏོང་ནང་འདྲེན་གྱི་མཐའ་མཚམས་ཀྱི་འབོར་ཉུང་ཚོང་དོན་དང་མཐའ་མིའི་ཚོང་དོན་སྤེལ་ཐུབ་མེད་པ་རེད། མིག་སྔའི་བར་རང་ལྗོངས་དང་ནེ་པ་ལའི་འགག་སྒོ་ཁག་དབར་རྒྱུན་གཏན་གྱི་མཐའ་མཚམས་ཚོང་དོན་ད་དུང་སླར་གསོ་བྱུང་མེད།

    ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རོགས་ཟླ་གལ་ཆེ་ཤོས་ཡིན་པའི་ངོས་ནས། 2014ལོར་རང་ལྗོངས་དང་ནེ་པ་ལའི་ཕྱོགས་གཉིས་ཀྱི་ཚོང་དོན་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་122.09ཟིན་ནས། ལོ་དེའི་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤྱིའི་ཐོན་རྫས་རིན་ཐང་གི་88.16%བཟུང་ཡོད་པ་རེད། ད་ཐེངས་ཀྱི་ནེ་པ་ལའི“4·25”ས་ཡོམ་གྱི་ཞོར་ཐོན་གནོད་འཚེ་ལས་རང་ལྗོངས་དང་ནེ་པ་ལའི་དབར་གྱི་སྐམ་ལམ་གཙོ་བོའི་འགྲིམ་འགྲུལ་ཆད་པ་དང་འགྲམ་འགག་སྒོ་དང་སྐྱིད་གྲོང་འགག་སྒོར་གནོད་འཚེ་ཚབས་ཆེན་ཕོག་པ་དང་དུས་མཚུངས། ནེ་པ་ལའི་འགག་སྒོ་ཁག་ཏུ་མི་སྣ་འཆི་རྨས་ཚབས་ཆེན་བྱུང་ཞིང་། གཞུང་ལམ་དང་། ཁང་པ། ཟམ་པ་སོགས་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཆེན་པོ་ཕོག་ཡོད། འགྲིམ་འགྲུལ་དང་ཕྱོགས་བསྡུས་ཆ་རྐྱེན་གྱི་ཚོད་འཛིན་ཕོག་ནས་ནེ་པ་ལའི་འབྲེལ་ཡོད་ས་ཁུལ་གྱི་གནོད་འཚེ་ཕོག་རྗེས་བསྐྱར་སྐྲུན་དང་སླར་གསོ་བྱེད་ཚད་ཅུང་འགོར་བ་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ལས་དོན་གཞི་རྩའི་ཆ་ནས་མཚམས་ཆད་སྟབས། སྔོན་དཔག་བྱས་ན་དུས་ཐུང་ནང་སླར་གསོ་བྱེད་དཀའ་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།