དབུ་ཤོག>གསར་འགྱུར།
  • འཕོ་འགྱུར་ཁྲོད་ཚད་བརྒལ་ཡོང་བ་བྱས་ནས་འཕེལ་རྒྱས་ཀྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱེད་དགོས།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-07-27

    དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱུན་རྣམ་གསར་པར་སླེབས་སྐབས་རང་རྒྱལ་ལ་བྱེད་རིན་ཆེན་པོ་ཡོད་པའི་འཐབ་ཇུས་གོ་སྐབས་ཀྱི་དུས་སྐབས་འགངས་ཆེན་འཕྲད་ཡོད་ལ་འགལ་ཟླ་མང་པོ་མཉམ་དུ་གནས་པའི་ཛ་དྲག་ཆེ་བའི་འགྲན་སློང་ཡང་འཕྲད་ཡོད། དཔལ་འབྱོར་ཇི་ལྟར་བྱས་ཏེ་འཕར་ཚད་མཐོ་འབྲིང་རྒྱུན་འཁྱོངས་བྱས་ནས་ཆུ་ཚད་འབྲིང་མཐོའི་ཕྱོགས་སུ་གོམ་པ་སྤོ་དགོས་སམ། སྒྱུར་བཅོས་བྱེད་པར་ཇི་ལྟར་བྱས་ཏེ་དཀའ་གནད་སེལ་བ་དང་འཕེལ་རྒྱས་ཀྱི་བསམ་བློའི་འཁྱེར་སོ་གསར་པ་གསར་འབྱེད་བྱེད་དགོས་སམ། ཅི་ལིན་དུ་བརྟག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འཕོ་འགྱུར་ཁྲོད་གསར་གཏོད་དོན་གཉེར་དང་། འཕོ་འགྱུར་ཁྲོད་ཡར་བརྩོན་དོན་གཉེར། འཕོ་འགྱུར་ཁྲོད་ཚད་བརྒལ་དོན་གཉེར་བཅས་ཀྱི་རྩ་དོན་གལ་ཆེན་གྱི་བྱེད་ཐབས་བཏོན་ནས་ང་ཚོས་འགག་སྒྲོལ་དཀའ་སེལ་བྱེད་པ་དང་སྒྱུར་བཅོས་ཀྱི་ཚད་བརྒལ་གསར་པ་དང་འཕེལ་རྒྱས་ཀྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

    སྒྱུར་བཅོས་དེ་རྙོག་འཛིང་ཆེ་བའི་དུས་སྐབས་སུ་སླེབས་པ་དང་འཕེལ་རྒྱས་ཐད་ཀྱང་དཀའ་གནད་ཆེ་བའི་དུས་སྐབས་བསུས་ཡོད་པས་མདུན་སྐྱོད་ཀྱི་ལམ་བུ་དེ་ཁོད་སྙོམས་པོ་དེ་ཙམ་མེད།

    ང་ཚོར་སྒྱུར་བཅོས་ཀྱི་འགལ་རྐྱེན་ཆེ་ཙམ་དང་འགོག་རྐྱེན་ཅུང་མང་བའི་དཀའ་ངལ་འཕྲད་སྲིད་ལ་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་གི་ངེས་པར་དུ་སྒྲུབ་དགོས་ངེས་ཀྱི་ལས་འགན་ཡང་འཕྲད་པ་མ་ཟད་ད་དུང“དུས་གསུམ་ལྷན་འཛོམས”དང“དཀའ་གནད་གཉིས”མང་དུ་འགྲོ་བའི་འོག་གི་གནད་དོན་གསར་པའང་འཕྲད་ཡོད། དེའི་སྐབས་སྒུག་ལྟ་བྱས་ནས་བསྡད་ཚེ་འགྲོ་ལམ་མེད་པ་དང་། རྙིང་ཞེན་བག་འཁུམས་བྱས་ཚེ་མདུན་ལམ་མེད་པ། སྔ་སྲོལ་དམ་བཟུང་དང་དཔའ་ཞུམ་ནས་མདུན་དུ་སྐྱོད་མི་ཕོད་ཚེ་སྒྱུར་བཅོས་ཀྱི་གོ་སྐབས་བཟང་པོ་ཤོར་རྒྱུ་ལས་གཞན་མ་མཆིས། སྲིད་འཛིན་རྒྱལ་དར་གྱི་ལྡོག་མེད་གནས་ལུགས་ཡིན་པའི་འཕེལ་རྒྱས་དེ་ཁོང་དུ་བརྟན་པོ་ཆུད་པ་དང་དཀའ་ངལ་ཡོད་པ་ཤེས་བཞིན་དུ་མདུན་སྐྱོད་བྱེད་ཕོད་པའི་ངར་ཤུགས་འཕེལ་བར་བྱས་ནས་བསམ་ཕྱོགས་དང་བྱེད་ཐབས་འགྱུར་ལྡོག་གཏོང་བ་དང་། དཔེ་དབྱིབས་གསར་གཏོད་བྱེད་པ། ཐབས་ལམ་འཚོལ་ཞིབ་བཅས་བྱས་ཚེ་གཞི་ནས་འཕོ་འགྱུར་ཁྲོད་དཀའ་གནད་སེལ་ཐུབ་པ་དང་འཕོ་འགྱུར་ཁྲོད་ཚད་བརྒལ་དོན་གཉེར་བྱས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ཐུབ།

    འཕོ་འགྱུར་ཁྲོད་ཚད་བརྒལ་བྱ་རྒྱུ་དེ་དམག་འཐབ་དྲག་པོ་ཞིག་ཡིན་པས་དང་ཐོག་ང་ཚོའི་ཆོད་སེམས་དང་འགན་འཁྲི་ཁུར་སེམས་ལ་ཚོད་བགམ་བྱས་ཡོད། རྙོག་འཛིང་ཆེ་བའི་གནད་དོན་དང་འགལ་ཟླ་སྣ་ཚོགས་དང་བསམ་བློའི་འགལ་རྐྱེན་དང་ཁེ་ཕན་གྱི་གནད་དོན་སྣ་ཚོགས་འཕྲད་སྐབས་འགག་རྩ་ནི་ཆོད་སེམས་དང་ཐབས་ཤེས་ཡོད་དགོས་པ་ལས་དཀའ་ངལ་དང་འགྲན་སློང་མདུན་དུ་དཔའ་ཁུམ་པ་དང་ནུས་པ་གང་ཡང་མི་ཐོན་པ་བྱེད་མི་རུང་། འཕྲང་ལམ་དོག་པོ་འཕྲད་སྐབས་དཔའ་ངར་ལྡན་པར་རྒྱལ་ཁ་ཐོབ་ཅེས་པ་ལྟར་སྒྱུར་བཅོས་བྱེད་པར་ཚད་བརྒལ་གསར་པ་ཡོང་བ་དང་འཕེལ་རྒྱས་གཏོང་བར་སྐས་རིམ་གསར་པར་སླེབས་པ་བྱེད་པར་མཆོང་ཕོད་པ་དང་དངོས་སྒྲུབ་ཀྱི་ངར་སེམས་དང་དཔའ་སྟོབས་ཡོད་དགོས་པ་དང་ང་ཚོས་དཀའ་ངལ་སྔོན་དུ་བསུས་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཐད་ཚད་བརྒལ་བྱེད་པ་དང་འཇུར་མིག་དང་འགལ་ཟླ་གཅིག་སྡུད་ངང་སེལ་རྒྱུར་ཤུགས་སྣོན་རྒྱག་དགོས།

    འཕོ་འགྱུར་ཁྲོད་ཚད་བརྒལ་ཡོང་བ་བྱ་རྒྱུ་དེའང་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་ཅིག་ཡིན་པས་ང་ཚོའི་ཚུགས་ནུས་དང་ནུས་པར་ཚོད་བགམ་བྱེད་ཀྱི་ཡོད། དཔལ་འབྱོར་འཕེལ་རྒྱས་དེ་རྟག་ཏུ་རླབས་གཤགས་རྣམ་པའི་མདུན་སྐྱོད་དང་དུང་འཁྱིལ་རྣམ་པའི་འཕེལ་རྒྱས་ཡོང་གི་ཡོད་པས་སྣ་མང་རྙོག་འཛིང་ཆེ་བའི་དུས་བབ་མདུན་དུ་ཕྱི་ཚུལ་བརྒྱུད་ངོ་བོ་ཤེས་རྟོགས་དང་འགུལ་ཕྱོགས་བརྒྱུད་འཕེལ་ཕྱོགས་དབྱེ་ཞིབ་བྱས་ཚེ་གཞི་ནས་ཁྱོན་ཡོངས་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་ཐུབ་པ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་གསལ་རྟོགས་ཐུབ་ཀྱི་ཡོད། དེང་སྐབས་ཀྲུང་གོའི་དཔལ་འབྱོར་དུས་བབ་དང་སྤྱིའི་རྣམ་པ་སྤྱི་ཡོངས་ནས་བཟང་བ་དང་འཕར་ཚད་ཀྱི་རིམ་པ་བསྒྱུར་བའི་ཁྲོད་གྲུབ་ཆ་ལེགས་སྒྲིག་དང་སྒུལ་ཤུགས་འཕོ་འགྱུར་འགྲོ་གི་ཡོད། ཞབས་ཞུའི་ལས་རིགས་དང་། རིམ་མཐོའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས། ལག་རྩལ་མཐོ་བའི་ཐོན་ལས། དྲ་རྒྱའི་འཛད་སྤྱོད་སོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་སྐབས་བྱེད་པོ་གསར་པ་དང་། ལས་རིགས་གསར་པ། ཚོང་ལས་དཔེ་དབྱིབས་གསར་པ་བཅས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་དེ་ཐོག་ནས་འཕར་གཞི་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱེད་པ་དང་འབྲེལ་ཟམ་མི་ཆད་པར་གཟེངས་སུ་ཐོན་པ་དང་འཕར་བའི་སྒུལ་ཤུགས་གསར་པ་མགྱོགས་མྱུར་ཆགས་པ་དང་འབྲེལ་སྟོབས་ཤུགས་ཟམ་མི་ཆད་པར་གསོག་འཇོག་བྱེད་བཞིན་ཡོད།

    བྱ་བ་སྒྲུབ་པར་མིག་མདུན་ཁོ་ནར་མི་ལྟ་བར་ཕུགས་ལ་དམིགས་དགོས་ཤིང་། དུས་ཐུང་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་འགོར་ཙམ་ཡོད་མོད། འོན་ཀྱང་གྲུབ་ཆ་ལེགས་སྒྲིག་དང་། རྨང་གཞི་བརྟན་གཏོང་། ནུས་པ་གསོག་འཇོག་བཅས་བྱས་ཚེ་དེའང་ཚད་བརྒལ་ཞིག་ཡིན་པ་དང་། ཐོན་ལས་གསར་པ་འཕེལ་རྒྱས་འགྲོ་བ་དང་འཕར་བ་དེའང་ཚད་བརྒལ་ཞིག་ཡིན་པ། སྲོལ་རྒྱུན་ཐོན་ལས་དང་གསར་དར་ཐོན་ལས་ཟུང་འབྲེལ་དམ་ཟབ་དང་མཉམ་འདྲེས་ཡག་པོ་བྱས་པ་དེའང་ཚད་བརྒལ་ཞིག་ཡིན་པ་བཅས་རེད། འཕོ་འགྱུར་ཁྲོད་ཚད་བརྒལ་བྱེད་པར་འཐབ་ཇུས་ཀྱི་ཚུགས་ནུས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བར་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། བྱེད་ཐབས་གསར་པ་བཅས་ཧུར་ཐག་ངང་བཙལ་ཏེ་སྒྱུར་བཅོས་དང་གསར་གཏོད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་བྱེད་ཐབས་གསར་པ་སྤྱད་དེ་དཀའ་གནད་སྣ་ཚོགས་བསལ་ཐོག་སྤུས་ཚད་མཐོ་རུ་དང་ཕན་འབྲས་འཕར་བ་དང་ཕྱོགས་འགྱུར་རིམ་འཕར་ཡོང་བ་བྱེད་དགོས།

    ད་ཕན་ལོ་ཤས་རིང་རང་བརྟེན་གསར་གཏོད་ནས་མྱུར་བགྲོད་ལྕགས་ལམ་དེ་ཀྲུང་གོའི་བཟོ་སྐྲུན་གྱི་བཀྲག་མདངས་འཚེར་བའི་མིང་ཤོག་ཅིག་ཏུ་བཏོད་པ་དང་ཤར་རྒྱུད་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་དུ་གསར་གཏོད་ལ་བརྟེན་པའི་སྒུལ་བྱེད་འཕྲུལ་འཁོར་གསར་པ་གཅིག་རྗེས་གཉིས་མཐུད་ངང་འཁོར་རྒྱུག་བྱེད་པའི་བར་དང་སླར་ཡང་ཐོན་ཁུངས་རྣམ་པའི་ས་ཁུལ་གྱིས“ཐོན་ཁུངས་ཀྱི་ངན་ལྟས”མེད་པ་ཧུར་ཐག་བཟོས་ནས་ཐོན་ལས་ཕྱོགས་འགྱུར་ལ་སྐུལ་འདེད་གཏོང་བའི་བར་བཅས་ཚང་མའི་ཐད་ནས་སྒྱུར་བཅོས་ཀྱི་སྤུས་རྟགས་དང་། གསར་གཏོད་ཀྱི་སྤུས་རྟགས། ཁྲོམ་རའི་སྤུས་རྟགས་བཅས་ཡག་པོ་གཏོད་ཚེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་འགྲོ་ཐུབ་པ་དང་། བཀྲག་མདངས་གསར་པ་གཏོད་ཐུབ་པ། གོ་སྐབས་གསར་པ་ཤེས་རྟོགས་བཅས་ཐུབ་པ་གསལ་བཤད་བྱེད་ཐུབ་ཀྱི་ཡོད། དེང་སྐབས་འཕེལ་རྒྱས་ཁྲོད་ཀྱི་དོ་སྙོམས་མིན་པ་དང་། མཐུན་སྦྱོར་མིན་པ། རྒྱུན་སྲིང་མི་ཐུབ་པ་བཅས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་དང་། ཚན་རྩལ་གསར་གཏོད་ནུས་པ་ཆུང་བ། ཐོན་ལས་གྲུབ་ཆ་ལུགས་དང་མི་མཐུན་པ། འཕེལ་རྒྱས་ཀྱི་གསོན་ཤུགས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་ཅུང་མང་བ་བཅས་ཀྱི་གནད་དོན་དེ་དག་ཐག་གཅོད་བྱེད་པར་སྔར་བཞིན་སྒྱུར་བཅོས་ཀྱི་བྱེད་ཐབས་དང་གསར་གཏོད་ཀྱི་རྣམ་པ་བརྒྱུད་འགག་སྒྲོལ་དཀའ་སེལ་ཁྲོད་ཉེན་ཁ་དེ་གོ་སྐབས་སུ་འགྱུར་བ་དང་གནོན་ཤུགས་དེ་སྒུལ་ཤུགས་སུ་འགྱུར་བ་བྱེད་དགོས།

    བྱ་བ་གང་ཡིན་རུང་མི་ལ་རག་ལས་པ་དང་འགག་རྩ་ནི་མིར་ཐུག་ཡོད་ཅིང་། དཀའ་ངལ་ལས་ཚད་བརྒལ་དང་། འཕེལ་མེད་དུ་ལུས་པའི་གནས་ཚུལ་སེལ་བ། རྣམ་པ་གསར་པ་གསར་གཏོད་བཅས་བྱེད་པར་རིམ་ཁག་ལས་བྱེད་པས་འགན་འཁྲི་ཁུར་ཕོད་པ་དང་། ཁུར་མཁས་པ། ཁུར་སེམས་མཚོན་པ་བཅས་བྱས་ཏེ་དམག་མི་དཀྱུས་མའི་སྔོན་དུ་དམག་འཐབ་བྱེད་པ་དང་དཔའ་ངར་ཆེན་པོས་བྱ་བ་སྒྲུབ་པ་དང་། འཕེལ་རྒྱས་ཀྱི་ལམ་འབྱེད་པ་ཡག་པོ་བྱེད་པ། མང་ཚོགས་སྣེ་འཁྲིད་དེ་མཉམ་དུ་ལས་སྒྲུབ་ལས་གཏོད་བྱེད་པ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་ལས་གཡོ་འགུལ་མི་ཐེབས་པ་དང་འཕེལ་རྒྱས་དེ་འཕེལ་མེད་རང་སོར་ལུས་པ་བཅས་ཀྱི་གནས་ཚུལ་ཐོན་རྒྱུ་བཀག་འགོག་བྱེད་དགོས་པ་མ་ཟད་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས་སྒྱུར་བཅོས་ཁྲོད་ཞུགས་པ་དང་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་པའི་བརྗིད་ཆེའི་དཔུང་ཁག་ཅིག་ཆགས་པ་བྱས་ཐོག་སྒྱུར་བཅོས་ཆེད་མཉམ་དུ་ཐབས་འདོན་པ་དང་མཉམ་དུ་སྒྱུར་བཅོས་འཕེལ་རྒྱས་བཏང་ནས་སྒྱུར་བཅོས་ལ་དམ་འཛིན་དང་ཚད་བརྒལ་དོན་གཉེར་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།