དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱིས་ཇུས་གཞི་བཀོད་ནས་འབྲི་གཡག་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-26

    ཚེས་17ཉིན་གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་འབྲི་གཡག་ཐོན་ལས་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཡུན་རིང་འགྲོ་བ་བྱ་ཆེད་འདི་ལོ་ཐིང་དེས《རང་སྐྱོང་ལྗོངས་ཀྱི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ལག་བསྟར་ཇུས་གཞི(2015ལོ་ནས་2020ལོ་བར)》(གཤམ་དུ《ཇུས་གཞི》ཞེས་མིང་བསྡུས་ནས་བརྗོད་རྒྱུ)དངོས་སུ་བཀོད་ནས་བཏོན་པ་རེད། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 《ཇུས་གཞིའི》ནང་ཚན་རྩལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ནུས་ལྡན་གྱི་ལག་རྩལ་ཞབས་ཞུ་ལམ་སྲོལ་མགྱོགས་ནས་མྱུར་དུ་འཛུགས་པ། ཞིང་འབྲོག་པའི་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐོག་ནས་འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཚན་རྩལ་གྱི་འདེགས་སྐྱོར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

    “ཚན་རྩལ་གྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་ཆ་མཚོན་ན། ང་ཚོས་རིམ་ཁག་ཞིང་འབྲོག་ལས་ཚན་ཞིབ་སྡེ་ཚན་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཚན་ཞིབ་ལག་རྩལ་སྟོབས་ཤུགས་ཆེ་རུ་བཏང་ནས་འགག་རྩའི་ལག་རྩལ་འགག་སྒྲོལ་བྱེད་པ་དང་། བརྒྱད་ཟིལ་འབྲི་གཡག་དང་ཉང་གཡག་འབྲི་གཡག་འདེམས་གསོ་དང་རྒྱུད་སྤེལ་གྱི་ཞིབ་འཇུག་ལས་དོན་མུ་མཐུད་སྤེལ་བ། འདེམས་གསོ་ལག་རྩལ་མ་ལག་འཛུགས་པ་བཅས་ཀྱི་ཐོག་ནས་འབྲི་གཡག་གི་རྒྱུད་སྤེལ་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་དང་། དེ་བཞིན་རི་བོ་ཆེའི་འབྲིའི་འོ་མ་དང་ཁུ་ལུ་སོགས་ཀྱི་ཐོན་ནུས་ཚད་འཇལ་དབྱེ་ཞིབ་དང་། ཕ་ཕྱུགས་ཀྱི་དམིགས་བསལ་རང་བཞིན་ཞིབ་འཇུག རྒྱུད་ཁྲིད་བར་ཐག་ཚོད་སྐོར་སོགས་བྱ་རྒྱུ་ཡིན”རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ད་དུང་འབྲི་གཡག་ཁམ་པའི་ཚན་རྩལ་དཔེ་སྟོན་ཁུལ་དང་འབྲི་གཡག་ཁམ་པའི་ཚན་རྩལ་དཔེ་སྟོན་གྲོང་ཚོར་ཕན་འབྲས་ཆེ་བའི་གསོ་སྤེལ་ལག་རྩལ་དང་གསར་སྐྱེས་ཕྱུགས་ཕྲུག་ཚད་ལྡན་ཅན་གྱི་གསོ་སྤེལ་འགག་རྩའི་ལག་རྩལ་འདུས་གྲུབ་དཔེ་སྟོན་བྱ་རྒྱུ་དང་མྱུར་གསོ་མྱུར་བཤའི་འགག་རྩའི་ལག་རྩལ་འདུས་གྲུབ་དང་དཔེ་སྟོན་བྱ་རྒྱུ་ཡིན་ཞེས་བཤད།

    《ཇུས་གཞིའི》ནང་འབྲི་གཡག་ཐོན་ལས་ཀྱི་གོ་ཆོད་ལག་རྩལ་ཐད་ཀྱི་མཛུབ་ཁྲིད་བྱེད་ཤུགས་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་སྟེ་ཡུག་བགོས་འགན་གཙང་གིས་ཞབས་འདེགས་ཞུ་བ་དང་ས་ཚིགས་གཅིག་གིས་གཅིག་ལ་ཞབས་འདེགས་ཞུ་བའི་རྣམ་པའི་ཐོག་ནས་ནུས་ལྡན་གྱི་ཚན་རྩལ་ཞབས་ཞུའི་ལམ་སྲོལ་འཛུགས་དགོས་པའི་བླང་བྱ་བཏོན་ཡོད། 《ཇུས་གཞིའི》ནང་རང་ལྗོངས་ཀྱི་འབྲི་གཡག་ཁྱབ་ཁོངས་ཀྱི་ཚན་རིག་ལག་རྩལ་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ་དང་ཆབས་ཅིག་ཕུལ་བྱུང་ཚན་རྩལ་པ་བདམས་ཏེ་ལག་རྩལ་ཞབས་ཞུ་རུ་ཁག་བཙུགས་ནས་ཚན་རྩལ་གྱི་དགོས་མཁོ་ལྡན་པའི་འགན་འཁྲིའི་ཁུལ་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས་པ་མ་ཟད། ད་དུང་སྲིད་ཇུས་བློ་འདྲི་དང་། ཁྲོམ་རའི་ཆ་འཕྲིན། ཐོན་སྐྱེད་ལག་རྩལ་སོགས་ཐད་ལ་ཕན་འབྲས་ཆེ་བ་དང་སྤུས་ཚད་མཐོ་བའི་ཞབས་འདེགས་ཞུ་དགོས་ཞེས་བསྟན་ཡོད།“《ཇུས་གཞི》ལྟར་ན། ཞབས་ཞུ་རུ་ཁག་རེས་རང་རང་སོ་སོའི་སྟོབས་ཤུགས་ལ་གཞིགས་ཏེ་ཡུག་ཁུལ་གཅིག་གམ་ཡང་ན་མང་པོར་ཞབས་འདེགས་ཞུ་དགོས་པ་དང་། ཟླ་བ་རེར་ཉུང་མཐར་ཡང་འདྲི་རྟོགས་བྱེད་པར་ཐེངས་གཅིག་སྐྱོད་དགོས་ཀྱི་ཡོད”འགན་འཁུར་བ་དེས་ངོ་སྤྲོད་བྱས་པར་གཞིགས་ན། ལག་རྩལ་ཞབས་ཞུ་རུ་ཁག་གིས་ལོ་རེའི་འདྲི་རྟོགས་དང་ཟླ་རེའི་འདྲི་རྟོགས་ལས་དོན་སྤེལ་ནས་ཁག་བགོས་ཡུག་ཁུལ་ལ་ལག་རྩལ་གྱི་དགོས་མཁོ་གང་ཞིག་ཡོད་པ་དུས་ཐོག་ཏུ་ཤེས་པར་བྱེད་དགོས་པ་དང་། ཕྱོགས་ཁག་གི་རྗེས་སྙེགས་ཞབས་ཞུའི་ལས་དོན་སྤེལ་དགོས་པ་མ་ཟད། ད་དུང་ཞིང་འབྲོག་པར་ཐད་ཀར་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།