དབུ་ཤོག>གསར་འགྱུར།
  • མཉམ་གཏོད་མཉམ་གཉེར་བྱས་ནས་འབབ་འཕར་ལ་སྐུལ་འདེད་བཏང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-25

    195059_yis_1437714704524.jpg

    2014ལོའི་ཟླ་12པར་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་ཞོལ་ཁང་ཨུ་ཡོན་ལྷན་ཁང་གི་ཙུའུ་གསུམ་པའི་གྲོང་མི་ཐུབ་བསྟན་སྐལ་བཟང་གིས་དུད་སྦྲེལ་ཚན་པའི་ཁོངས་མིའི་སྣེ་ཁྲིད་དེ་ས་གནས་དེ་གའི་ཐོན་ཁུངས་ལེགས་ཆ་སྤྱད་པ་དང་། “མཉམ་ལས་ཁང་དང་། དུད་སྦྲེལ་ཚན་པ། གཉིས་ལྡན་དུད་སྦྲེལ”བཅས་གཅིག་ཏུ་འདུས་པའི་རྣམ་པར་བརྟེན་ནས་ཆུ་མགོ་སྔོ་ལྗང་བཟའ་བཅའ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། པད་ཁའི་སྣུམ་ལས་སྣོན་དང་བྲིན་ཚོང་བྱས་ནས་ཕྱུག་འགྱུར་རྣམ་གྲངས་ཀྱི་མཉམ་གཏོད་མཉམ་གཉེར་མངོན་འགྱུར་བྱུང་སྟེ་དུད་སྦྲེལ་ཚན་པ་1དང་གཉིས་ལྡན་དུད་སྦྲེལ་10ཡི་མི་36ཐུན་མོང་ཐོག་ཕྱུག་འགྱུར་ལམ་དུ་བསྐྱོད་ཐུབ་པ་དང་། འདི་ལོའི་ལོ་སྟོད་དུ་མཉམ་ལས་ཁང་དེར་འབབ་འཕར་སྒོར་ཁྲི་4ལྷག་ཙམ་བྱུང་ཡོད། འདི་ནི་ཐུབ་བསྟན་སྐལ་བཟང་གིས་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་བོད་ཀྱི་པད་ཁའི་སྣུམ་གྱི་ཐོན་རྫས་སྟོན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།