དབུ་ཤོག>གསར་འགྱུར།
  • ཟླ་བ་དང་པོ་ནས་དྲུག་པ་བར་གྱི་ལྷ་སའིCPIལོ་གོང་མའི་དུས་མཚུངས་ལས་2.3%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-25

    ཉིན་ཤས་གོང་གསར་འགོད་པར་ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་ནས་དྲུག་པ་བར་གྱི་ལྷ་སའི་གྲོང་མིའི་འཛད་སྤྱོད་རིན་གོང་བརྟན་པོའི་ཁྲོད་དུ་ཅུང་འཕར་བ་དང་། འཛད་སྤྱོད་རིན་གོང་གི་སྤྱིའི་བསྡུར་གྲངས་ན་ནིང་གི་དུས་མཚུངས་ལས་2.3%འཕར་ཞིང་། འཕར་ཆག་ཆུང་ལ་ཚོད་འཛིན་ཐུབ་པའི་བར་མཚམས་སུ་གནས་ཡོད། དེའི་ནང་ཕིང་རྩམ་དང་དེའི་བཟོས་རྫས་ཀྱི་འཛད་སྤྱོད་རིན་གོང་ལོ་གོང་མའི་དུས་མཚུངས་ལས་19.1%འཕར་བ་དེ་གཉིས་ནི་འཕར་ཚད་མཐོ་ཤོས་ཀྱི་འཛད་རྫས་ཤིག་རེད།

    བསྡོམས་རྩིས་ཀྱི་གཞི་གྲངས་ཐོག་ནས་མངོན་པར། བཟའ་བཅའི་རིགས་ཀྱི་རིན་གོང་འཕར་ཚད་ཅུང་མཐོ་བ་དེ་ལོ་གོང་མའི་དུས་མཚུངས་ལས་5.2%མཐོ་རུ་སོང་བ་དང་། སྐུལ་ཁྲིད་རང་བཞིན་གྱི་སྤྱིའི་བསྡུར་གྲངས་བརྒྱ་ཆའི་གྲངས་1.89འཕར་བ། CPIསྤྱིའི་ཆུ་ཚད་ཆགས་རིང་བཟའ་བཅའི་རིན་གོང་གི་ཤུགས་རྐྱེན་ཐེབས་ཚད་82.5%ཟིན་པ། དེའི་ནང་ཕིང་རྩམ་དང་། དེའི་ བཟོས་རྫས་ཀྱི་འཛད་སྤྱོད་རིན་གོང་ལོ་གོང་མའི་དུས་མཚུངས་ལས་19.1%འཕར་བ། སྔོ་ཚལ་རིགས་ཀྱི་འཛད་སྤྱོད་རིན་གོང་ལོ་གོང་མའི་དུས་མཚུངས་ལས་2.1%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།