དབུ་ཤོག>གསར་འགྱུར།
  • སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གསོན་ཤུགས་འཕེལ་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ སུན་ཝུན་ཅོན་གྱིས།   |     སྤེལ་དུས།  2015-07-24

    ཚོང་དོན་ལམ་ལུགས་ཕྱོགས་ཡོངས་ནས་སྒྱུར་བཅོས་བྱས་ཏེ་ལོ་གཅིག་ལྷག་ཙམ་སོང་བ་དང་ཁྲོམ་རའི་ཆོག་འཐུས་ཚད་གཞི་དམའ་རུ་བཏང་བ་དང་ཆབས་ཅིག་ཚོང་དོན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་རྣམ་པ་ཐོན་ཡོད། རང་ལྗོངས་ཀྱི་རིམ་ཁག་བཟོ་ཚོང་སྡེ་ཚན་གྱིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་ཀྱིས་ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་པ་དང་འགན་འཁྲི་གཙང་སྒྲུབ་བྱས་ཏེ་སྲིད་གཞུང་གི་འགན་ནུས་ལེགས་སུ་གཏོང་བ་དང་སྲིད་གཞུང་གི་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་བྱས་པ་བརྒྱུད་ཁྲོམ་རའི་གསོན་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཁྲོམ་རའི་ཆོག་འཐུས་ཀྱི་ཞིབ་མཆན་འགོད་ཉུང་དུ་བཏང་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱས་པས་ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།

    དེང་སྐབས་རང་ལྗོངས་ཀྱི་ཚོང་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བཞིན་ཡོད་པས་ངེས་པར་དུ་སྒྱུར་བཅོས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་དེ་བས་སྣང་ཆེན་དང་། སྒྱུར་བཅོས་ཀྱི་ལྷུ་ཚིགས་ཁག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་དེ་བས་སྣང་ཆེན། སྒྱུར་བཅོས་ཀྱི་སྤྱི་འདོམས་དང་མཐུད་སྦྱོར་ལ་དེ་བས་་སྣང་ཆེན་བཅས་བྱེད་དགོས་པར་བརྟེན་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་སྡེ་ཚན་ལ“ཁྲོམ་རར་ཞུགས་སླ་ཞིང་དོ་དམ་ནན་པ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད”ཀྱི་སྤྱིའི་དམིགས་ཚད་དེར་གཞིགས་ཏེ་བཟོ་ཚོང་ཐོ་འགོད་སྟབས་བདེ་ཅན་ལ་སྔར་བས་སྐུལ་མ་གཏོང་བ་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱེད་པ། ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཚོང་དོན་ལམ་ལུགས་ཀྱི་སྒྱུར་བཅོས་བྱ་ཐབས་གནད་སྨིན་ཡོང་བ་དང་ཚོང་དོན་ལམ་ལུགས་སྒྱུར་བཅོས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་པ་སྟེ།

    དང་པོ། བཟོ་ཚོང་ཐོ་འགོད་སྟབས་བདེ་ཅན་ལ་སྔར་བས་སྐུལ་མ་བཏང་སྟེ་ཁྲོམ་རའི་ཕྱོགས་བསྡུས་ཁོར་ཡུག་ཡངས་ཤིང་སྟབས་བདེ་ཞིག་གཏོད་དགོས། བཟོ་ཚོང་ཐོ་འགོད་ལམ་ལུགས་སྟབས་བདེ་ཅན་ལ་སྐུལ་མ་གཏོང་བ་ནི་བརྒྱུད་རིམ་ཧྲིལ་པོ་ཞིག་ཡིན་པས་ལྷུ་ཚིགས་དེ་འཛུགས་པ་ཙམ་མ་ཟད་ད་དུང་འགྱུར་ལྡོག་དང་མེད་པ་བཟོ་བའི་ལྷུ་ཚིགས་ཚང་མ་སྟབས་བདེ་ཡོང་རྒྱུ་ཚུད་ཡོད། ད་དུང་སྲིད་འཛིན་ཞིབ་མཆན་འགོད་སྟངས་བདེ་རུ་གཏོང་བ་དང་ཐོ་འགོད་ཀྱི་ལས་ཕྱོད་ཆེ་རུ་བཏང་སྟེ་སྲིད་གཞུང་དང་། ཁྲོམ་ར་། སྤྱི་ཚོགས་བཅས་གསུམ་དབར་གྱི་འབྲེལ་བ་ལེགས་སྒྲིག་བྱས་ཏེ་ཞི་མཐུན་ཚོང་དོན་གྱི་ཁོར་ཡུག་ཅིག་གཏོད་དགོས།

    གཉིས་པ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་སྔར་བས་རྒྱབ་སྐྱོར་བྱེད་དགོས། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ལེགས་པར་བྱས་ཏེ་ལྷན་སྦྱར་བྱ་ཐབས་བཟོ་རྒྱུར་དམ་འཛིན་ནན་པོ་བྱས་ནས་རྗེས་འདེད་དབྱེ་ཞིབ་བྱེད་པ་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དཀར་ཆག་འཛུགས་སྐྱོང་མགྱོགས་པོ་བྱེད་པ་དང་དུས་ཐོག་ཏུ་ཁེ་ལས་ཀྱི་རེ་འདུན་མཚོན་པ་དང་ཐོག་མའི་ཉེན་ཁ་སེལ་དགོས། དོན་དངོས་དང་ཟུང་འབྲེལ་དང་ཐོ་འགོད་འགྲོ་ལུགས་གཉེར་རྒྱུ་སྟབས་བདེ་རུ་བཏང་སྟེ་ལས་གཏོད་ལ་བཟོ་ཚོང་ཐོ་འགོད་ཀྱི་སྟབས་བདེ་དང་ཞབས་ཞུ་དེ་བས་ལེགས་པ་བྱེད་དགོས།

    མཇུག་ཏུ་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། 2014ལོའི་ཟླ་10ཚེས་1ཉིན་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པའི་བོད་ཀྱི་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་དངོས་སུ་བེད་སྤྱོད་ཐུབ་སྟེ་ཁེ་ལས་ཡིད་རྟོན་ཆ་འཕྲིན་ཐད་ཀྱི་སྤྱི་དམངས་ཀྱི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད། ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་ཆབས་ཅིག་ཕྱིས་སུ་དྲ་ཐོག་ཏུ་ཐོ་འགོད་ཁྱབ་གདལ་དང་། གློག་རྡུལ་ལག་ཁྱེར་གྱི་ལམ་ལུགས་འཛུགས་པ། དྲ་ཐོག་སྙན་ཞུ་དང་། དྲ་ཐོག་བདག་སྤྲོད། དྲ་ཐོག་མཆན་འགོད། དྲ་ཐོག་ལག་ཁྱེར་སྤྲོད་པ་བཅས་ཀྱི་གློག་རྡུལ་ཅན་གྱི་ཐོ་འགོད་བྱེད་སྟངས་མངོན་འགྱུར་ཡོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།