དབུ་ཤོག>གསར་འགྱུར།
  • ཚོད་དོན་ལམ་ལུགས་སྐོར་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-24

    ཚོད་དོན་ལམ་ལུགས་སྐོར་བརྗོད་པ།ཚོང་དོན་ལམ་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་མ་ལག་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཚོང་དོན་ཐོ་འགོད་ལམ་ལུགས་ལ་སྒྱུར་བཅོས་བྱས་ནས་ཐོ་འགོད་མ་རྩ་དངོས་འཇལ་གྱི་ཐོ་འགོད་ལམ་ལུགས་དེ་ཐོ་འགོད་མ་རྩ་འཇལ་རྒྱུ་ཁས་ལེན་བྱེད་པའི་ཐོ་འགོད་ལམ་ལུགས་ལ་བསྒྱུར་ཏེ་ཀུང་སིའི་ཐོ་འགོད་མ་རྩ་དང་། མ་དངུལ་འདོན་ཐབས། མ་འཇོག་བསྡོམས་འབོར། མ་འཇོག་དུས་ཚོད་སོགས་ཐད་ཀྱི་དེ་སྔོན་གྱི་འགྱུར་མེད་གཏན་འབེབས་མེད་པ་བཟོས་པ་དང་གཉེར་སྐྱོང་ཁྱབ་ཁོངས་ཀྱི་ཐོ་འགོད་དང་ཞིབ་མཆན་མེད་པ་བཟོས་ནས་དེ་སྔོན་གྱི“ཞིབ་མཆན་ལ་སྣང་ཆེན་དང་ལྟ་སྐུལ་དོ་དམ་ལ་སྣང་ཆུང་བྱེད་པ”ནས“ཞིབ་མཆན་ལ་སྣང་ཆུང་དང་ལྟ་སྐུལ་དོ་དམ་ལ་སྣང་ཆེན”བྱེད་པའི་བར་འགྱུར་ལྡོག་གཏོང་རྒྱུའི་གཏན་འཁེལ་བྱས་པ་རེད།

    ཚོང་དོན་ཐོ་འགོད་ལམ་ལུགས་སྒྱུར་བཅོས་བྱས་རྗེས་དངོས་འཇལ་གྱི་ཐོ་འགོད་ལམ་ལུགས་དེ་མ་རྩ་འཇལ་རྒྱུ་ཁས་ལེན་བྱེད་པའི་ཐོ་འགོད་ལམ་ལུགས་སུ་སྒྱུར་བ་དང་། ཁེ་ལས་ཀྱི་ལོ་བཤེར་ལམ་ལུགས་དེ་ལོ་འཁོར་གྱི་སྙན་ཐོའི་ཡོངས་བསྒྲགས་ལམ་ལུགས་སུ་སྒྱུར་བ། “སྔོན་ལ་ཆོག་འཐུས་ལག་ཁྱེར་དང་རྗེས་སུ་གཉེར་སྐྱོང་ལག་ཁྱེར”ལེན་རྒྱུ་དེ“སྔོན་ལ་གཉེར་སྐྱོར་ལག་ཁྱེར་དང་རྗེས་སུ་ཆོག་འཐུས་ལག་ཁྱེར་གཉེར་རྒྱུའི”བར་སྒྱུར་བ་བཅས་བྱས་པས་དབང་ཆ་ཁྲོམ་ར་དང་། ཁེ་ལས། སྤྱི་ཚོགས་བཅས་ལ་དངོས་གནས་སྤྲད་པ་རེད།

    2014ལོའི་ཟླ་3ཚེས་1ཉིན་རྒྱལ་ཡོངས་སུ་ཚོང་དོན་ལམ་ལུགས་དངོས་སུ་སྒྱུར་བཅོས་བྱས་པ་དང་རང་ལྗོངས་ཀྱི་བཟོ་ཚོང་སྡེ་ཚན་གྱིས་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱི་བཀོད་སྒྲིག་གཞིར་བཟུང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་འགན་ནུས་ལེགས་སུ་གཏོང་རྒྱུར་གཞི་ཚུགས་པ་དང་ཆོག་འཐུས་དོ་དམ་ལམ་ལུགས་ལྷུག་ཏུ་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱེད་པར་དམིགས་ཏེ་ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།

    རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྔོན་དུ་ལག་བསྟར་དང་ཚོད་ལྟ་བྱེད་པའི་རྩ་དོན་གཞིར་བཟུང་རང་ལྗོངས་ཀྱིས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་བཟོ་ལས་གླིང་དང་སྣེའུ་ཁུལ་གསར་དུ་བཅའ་སྡོད་བྱས་པའི་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཐོ་འགོད་བྱེད་པར“སྔོན་ལ་གཉེར་སྐྱོང་ལག་ཁྱེར་དང་རྗེས་སུ་ཆོག་འཐུས་ལག་ཁྱེར་གཉེར་བའི”ཚོད་ལྟའི་ལས་དོན་སྔོན་དུ་ལག་བསྟར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།