རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་པ་དང་བསྟུན་ནས་ཇི་ལྟར་བྱས་ཏེ་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་དང་འཚམ་པ་དང་ཁོང་དུ་ཆུད་པར་བྱས་ནས“ ཇི་ལྟར་ལྟ”ཞེས་པ་གསལ་པོ་ཤེས་པ་བྱེད་དགོས་པ་དང་། ཇི་ལྟར་བྱས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གོམ་སྟབས་གསར་པ་སྤོས་ནས“ ཇི་ལྟར་བསྒྲུབ་རྒྱུ”གསལ་པོ་ཤེས་པ་བྱེད་དགོས་པ་བཅས་ཚང་མ་ནི་ཁ་ཚ་དགོས་གཏུགས་ངང་ལན་འདེབས་རྒྱུའི་འཕེལ་རྒྱས་ཀྱི་བརྗོད་གཞི་གལ་ཆེན་ཞིག་རེད།
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཅི་ལིན་དུ་བརྟག་ཞིབ་གནང་སྐབས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། འགྱུར་ལྡོག་ཁྲོད་གསར་གཏོད་བརྩོན་ལེན་བྱེད་པ་དང་། འགྱུར་ལྡོག་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པ། འགྱུར་ལྡོག་ཁྲོད་ཚད་བརྒལ་ཡོང་བ་བཅས་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ཡག་པ། གྲུབ་ཆ་དེ་བས་ལེགས་པ། ཁྱད་ཡོན་གང་ལེགས་འདོན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་དེ་རང་རྒྱལ་གྱི་དཔལ་འབྱོར་དེ་རྣམ་པ་དེ་བས་མཐོ་བ་དང་། ལས་བགོས་སྔར་བས་ལེགས་པ། གྲུབ་ཆ་སྔར་བས་ལུགས་མཐུན་བཅས་ཀྱི་དུས་མཚམས་སུ་རིམ་བཞིན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་ནང་འདུས་པའི་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བར་གོ་བ་གཏིང་ཟབ་ལེན་པ་དང་། འགྱུར་ལྡོག་དང་གསར་གཏོད། འགྱུར་ལྡོག་དང་བརྩོན་ལེན། འགྱུར་ལྡོག་དང་ཚད་བརྒལ་བཅས་རྩོད་སྒྲུབ་ཀྱི་འབྲེལ་བར་གོ་བ་གཏིང་ཟབ་ལེན་དགོས། དེ་ནི་ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན། མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
“ཐོན་སྦྲེལ་འགན་གཙང་ལེན་ཐབས་ལག་བསྟར་བྱས་པ་ནས‘སྤྱི་ཐབ’མེད་པ་བཟོས་པའི་བར་དང་། ཞིང་པ་ལས་མི་གྲོང་ཁྱེར་དུ་ཡོང་བ་ནས ‘སྤྱི་དམངས་ཀྱི་ལས་གཏོད་དང་མི་དམངས་ཀྱི་གསར་གཏོད’བར”གྱི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་30ལྷག་ཙམ་རིང་གི་ལོ་རྒྱུས་ལ་བལྟས་ན། འགྱུར་ལྡོག་ནི་སྤྱི་ཚོགས་ཀྱི་རྒྱུན་རྣམ་ཞིག་རེད་ལ་འགྱུར་ལྡོག་ཁྲོད་གསར་གཏོད་བརྩོན་ལེན་བྱ་རྒྱུ་ནི་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་བྱེད་པའི་གལ་ཆེའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཤིག་ཀྱང་རེད། འགྲོ་ལམ་ནི་ཐོག་མ་ཉིད་ནས་ཀྱང་གནམ་ནས་ལྷུང་བ་ཞིག་མིན། གལ་སྲིད་འགྱུར་ལྡོག་བརྩོན་ལེན་བྱེད་ཕོད་པ་དང་། འགྱུར་ལྡོག་ཧུར་ཐག་གཏོང་བ། འགྱུར་ལྡོག་དོན་གཉེར་བྱེད་པ་བཅས་བྱས་ན་གཞི་ནས་གནད་དོན་ཐག་གཅོད་བྱེད་ཐབས་རྙེད་པ་དང་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་ཐུབ་ནས་བྱ་གཞག་ཁག་མདུན་ཕྱོགས་སུ་ཟམ་མི་ཆད་པར་སྐུལ་འདེད་གཏོང་ཐུབ།
དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག་མྱུར་ཚད་ཀྱི་འགྱུར་ལྡོག་དང་། གྲུབ་ཆ་ལེགས་སྒྲིག སྒུལ་ཤུགས་བརྗེ་འགྱུར་བཅས་ཀྱི་ཁྱད་ཆོས་ཆེན་པོ་གསུམ་མངོན་པ་དང“ཐེངས་གསུམ་རྩེག་སྣོན” དང “དཀའ་གནད་གཉིས” ཀྱི་གནད་དོན་མང་དུ་འགྲོ་བ་སོགས་ཀྱི་འགྲན་སློང་མང་པོ་ཞིག་ཀྱང་འཕྲད་ཀྱི་ཡོད། ཇི་ལྟར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་དེར་སྣེ་ཁྲིད་བྱེད་པར། ངོས་འཛིན་དང་ལག་ལེན་བྱེད་འགོ་བཙུགས་མ་ཐག་ཡིན་པས་ཕྱོགས་འགའ་ཤས་ཐད་ད་དུང་བྱ་ཐབས་གནད་འཁེལ་བ་ཞིག་མེད་པས་ང་ཚོས་རྒྱུན་ཆད་མེད་པར་འཚོལ་ཞིབ་གཏིང་ཟབ་བྱེད་དགོས། “དཔྱོད་ལྡན་རྣམས་ཀྱིས་དུས་དང་བསྟུན་ནས་འགྱུར་ལྡོག་གཏོང་བ་དང་། མཁས་པ་རྣམས་ཀྱིས་བྱ་དངོས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་དོ་དམ་བྱེད་ཐབས་བཟོས” དུས་བབ་འཕེལ་རྒྱས་འགྲོ་བ་དང་དུས་རབས་ཡར་རྒྱས་འགྲོ་བཞིན་ཡོད། ང་ཚོས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་སྒྱུར་བཅོས་ཀྱི་བློ་སྟོབས་ཆེར་སྐྱེད་དང་གསར་གཏོད་ཀྱི་བློ་གྲོས་འཕེལ་བར་བྱས་ཏེ་བྱ་ཐབས་གསར་པ་དང་། བྱ་ཐབས་དངོས། བྱ་ཐབས་དྲག་པོ་བཅས་འདོན་པའི་ཁར“ཐབས་ཤེས་རྙིང་པ་དེ་ཕན་ཐོགས་མེད་པ་དང་། ཐབས་ཤེས་གསར་པ་སྤྱོད་མི་ཤེས་པ། ཐབས་ཤེས་འཇམ་པོ་གོ་མི་ཆོད་པ”བཅས་ཀྱི་དཀའ་གནད་ལས་སྒྲོལ་ནས་ནུས་ཤུགས་ཡོད་རྒུས་ལམ་བུ་གསར་པའི་ཐོག་སྐྱོད་པ་དང་བསམ་ཕྱོགས་གསར་པ་གསར་གཏོད་བྱེད་དགོས།
“འགྱུར་ལྡོག་ཁྲོད་གསར་གཏོད་བརྩོན་ལེན་བྱེད”ཅེས་པའི་ཐོག་ནས་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པའི་འོག་གི་འཕེལ་རྒྱས་ཀྱི་འགྲོ་ལམ་གསལ་སྟོན་བྱས་ནས་འགག་སྒྲོལ་དཀའ་སེལ་བྱ་ཆེད་བློ་སྒོ་གསར་པ་ཕྱེ་ཡོད། བྱང་ཤར་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གོང་འཕེལ་གཏོང་བར“བཟོ་ལས་ཀྱི་ལས་འགན་ལྕི་པོ་འཁུར་བ་དང་གྲུབ་ཆ་སྣ་གཅིག་ཡིན་པ” “མི་གཉིས་ཀྱི་འཁྲབ་གཞས”སླར་ཡང་གཏོང་མི་རུང་། གལ་སྲིད“སྡོམ་འཐེན་སྒྱུར་བགོ”ཡག་པོ་བྱས་ན། གཞི་ནས“རྦབ་རྡོ་གྱེན་འདྲེན་དང་ལ་བརྒལ་ཉག་སྒྲོལ”གྱི་འགག་རྩའི་དུས་མཚམས་བརྒལ་ཐུབ། ས་གནས་ཁག་གི་ཐོན་ལས་འཕེལ་རྒྱས་གཏོང་བར་ཐོན་ཁུངས་དང་ཁོར་ཡུག་བློས་གཏོང་བྱས་པའི“སྔོན་ལ་སྦགས་བཙོག་བཟོ་བ་དང་རྗེས་སུ་བཅོས་སྐྱོང་བྱེད་པའི” འགྲོ་ལམ་རྙིང་པའི་ཐོག་སླར་ཡང་བསྐྱོད་མི་རུང་། གལ་སྲིད་ཐོན་སྐྱེད་བྱེད་སྟངས་ལྗང་མདོག་ཅན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ཚན་རྩལ་འདུས་ཚད་མཐོ་བ་དང་། ཐོན་ཁུངས་ཟད་གྲོན་ཆུང་བ། ཁོར་ཡུག་སྦགས་བཙོག་ཉུང་བ་བཅས་ཀྱི་ཐོན་ལས་གྲུབ་ཆ་ཞིག་བཏོད་ན། གཞི་ནས་སྤུས་ཚད་མཐོར་གཏོང་དང་ཕྱོགས་འགྱུར་རིམ་སྤོར་གྱི་དམིགས་ཚད་མངོན་འགྱུར་ཡོང་ཐུབ། དམངས་འཚོའི་ཕྱོགས་སྟོན་འཁོར་ལོ་གསར་སྐྲུན་བྱས་ནས་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་སྐུལ་འདེད་གཏོང་བར་ཞིང་ལ་ཆུ་བརྒྱངས་པ་ལྟ་བུའམ་ཟས་ལ་སྨན་སྣ་སྟོར་བ་ལྟ་བུའི་བྱེད་ཐབས་སྤྱོད་མི་རུང་བ་མ་ཟད། གནད་འཁེལ་དབུལ་སྐྱོར་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་རྒྱ་ཁྱབ་བྱས་ནས་ཉེན་སེལ་དབུལ་སྐྱོར་བྱས་ན། གཞི་ནས་དབུལ་པོའི་མི་འབོར་དུས་ཐོག་ཏུ་དབུལ་སྒྲོལ་ཐུབ་ནས་ཐུན་མོང་ཐོག་འབྱོར་འབྲིང་གི་འཚོ་བ་མངོན་གྱུར་ཐུབ་རྒྱུའི་འགན་ལེན་བྱེད་ཐུབ།
ཉེ་བའི་ལོ་ཤས་རིང་གི་ས་གནས་ཁག་གི་ལག་ལེན་ལ་བལྟས་ན། དཔལ་འབྱོར་འཕེལ་རྒྱས་ཁྲོད་ས་ཁོངས་དང་། ལས་རིགས། ཁེ་ལས་བཅས་ཀྱི་འཕེལ་ཕྱོགས་སྔར་བས་ཁ་ཐོར་དུ་ཕྱིན་ནས་སྒྱུར་བཅོས་ཀྱི་གོམ་སྟབས་དེ་བས་ཆེ་རུ་དང་། གྲུབ་ཆ་ལེགས་སྒྲིག་དེ་བས་སྔ་བ། གསར་གཏོད་ཀྱི་ནུས་པ་དེ་བས་ཆེ་རུ་བཅས་སོང་ནས་འཕེལ་རྒྱས་གཏོང་བར་དེ་བས་གསོན་ཤུགས་ལྡན། དེ་ལས་ལྡོག་ཚེ། གནོན་ཤུགས་ཆེ་དྲགས་ནས་འཚོ་བ་འཁྱོལ་ཁག་པོ་རེད། དེ་ཐོག་ནས་ཉིན་རེར་ཤེས་ཡོན་གསར་པ་ཚིག་རེ་མ་སྦྱངས་ན་ཉིན་རེ་ལས་ཉིན་རེ་མ་འདས་པར་རྗེས་ལུས་ཐེབས་ངེས་ཡིན་པ་གསལ་བཤད་ཐུབ་ཀྱི་ཡོད། གསར་གཏོད་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་དང་གསར་གཏོད་དོན་གཉེར་བྱེད་པ་ནི་འབྱུང་འགྱུར་དོན་གཉེར་བྱེད་པ་ཞིག་རེད། གསར་གཏོད་མ་བྱས་ན་རྗེས་ལུས་ཐེབས་ངེས་རེད་ལ་གསར་གཏོད་བྱེད་འགོར་ནའང་རྗེས་ལུས་ཐེབས་ངེས་རེད། ཁྱོན་ཡོངས་ནས་བརྗོད་ན། འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་པའི་ཀྲུང་གོའི་ངོས་ནས་བརྗོད་ན། རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་རང་འགུལ་དང་གོ་སྐབས་རག་པ་བྱེད་པར་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གསར་གཏོད་ཀྱི་མིག་མང་དེ་ཡག་པོ་རྒྱག་པ་དང་། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་དང་ལས་གཏོད་གསོན་ཤུགས་འཕེལ་རྒྱུར་སྐུལ་སློང་བྱེད་པ། གསར་གཏོད་ལ་བརྟེན་ནས་སྣེ་ཁྲིད་དང་འདེགས་སྐྱོར་གཙོ་བོར་བྱེད་པའི་དཔལ་འབྱོར་གྱི་མ་ལག་གང་མགྱོགས་ཆགས་པ་བཅས་བྱས་ནས་ཀྲུང་ཧྭ་རྟགས་ཅན་གྱི་གྲུ་ཆེན་དེ་བརྟན་པོའི་ངང་རྒྱང་རིང་ཕྱོགས་སུ་བསྐྱོད་རྒྱུར་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱེད་དགོས།
རྙིང་དོར་གསར་འཛུགས་དང་དུས་བསྟུན་འཕེལ་རྒྱས་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་གཞི་རྒྱུ་གལ་ཆེན་ཞིག་རེད། སྒྱུར་བཅོས་ཀྱི་ཆེས་ངོ་བོར་གྱུར་པའི་བླང་བྱ་ནི་གསར་གཏོད་ཡིན་ལ་ཆེས་མངོན་གསལ་དོད་པའི་རྣམ་པ་ཡང་གསར་གཏོད་ཡིན། འཚོ་བས་རྙིང་ཞེན་བག་འཁུམས་སུ་གནས་མཁན་དང་ཡང་ན་ད་ལྟའི་གནས་ཚུལ་ལ་ཡིད་ཚིམས་ནས་སྡོད་མཁན་ཚོར་གཟིགས་སྐྱོང་མི་བྱེད་ལ་ཡར་རྒྱས་བརྩོན་ལེན་མི་བྱེད་མཁན་དང་གཞན་གྱི་གྲུབ་འབྲས་ལོངས་སུ་སྤྱད་དེ་བདེ་བར་སྡོད་མཁན་ཚོར་ངང་སྒུག་གཏན་ནས་མི་བྱེད། གོ་སྐབས་ཚང་མ་གསར་གཏོད་བྱེད་ཕོད་པའམ་བྱེད་མཁས་པ་ཚོར་སྤྲོད་ཀྱི་ཡོད་པ་རེད། “འགྱུར་ལྡོག་ཁྲོད་གསར་གཏོད་བརྩོན་ལེན་བྱེད། ”ཡང་ང་ཚོར་སྒྱུར་བཅོས་གསར་གཏོད་ཀྱི་བླང་བྱ་དང་འཚམ་པའི་བསམ་བློའི་འཁྱེར་ཕྱོགས་འཛོམས་དགོས། བསམ་བློའི་ཐོག་གི་སྒྱིད་ལུག་སྣ་ཚོགས་དང་། བྱ་སྤྱོད་ཐོག་གི་གོམས་སྲོལ་མི་ལེགས་པ། ལས་སྒྲུབ་ལས་གཏོད་བྱེད་སྐབས་ཀྱི་མུན་འཐོམས་རང་བཞིན་བཅས་ཁྱད་གསོད་བྱེད་པར་དངོས་ཡོད་ལས་བརྒལ་ཞིང་འཕྲལ་མར་འགྲུབ་རེ་བྱེད་པའི་བསམ་ཕྱོགས་ལས་གཡོལ་དགོས་པ་མ་ཟད་ད་དུང་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་པའི་དངོས་ཡོད་སྣང་མེད་དུ་བསྐྱུར་ནས་རྙིང་ཞེན་བག་འཁུམས་དང་རང་ལམ་རང་འགོག་བྱེད་པའི་ལྟ་ཚུལ་དང་སྤྱོད་ཚུལ་ཡང་རིང་དུ་དོར་ནས་གཟེངས་སུ་ཐོན་པའི་སྤོབས་པ་དང་ལས་གཏོད་ཀྱི་ངར་ཤུགས་དུས་དང་རྣམ་པ་ཀུན་ཏུ་མཐའ་འཁྱོངས་བྱས་ན་ད་གཟོད་ཡར་ཐོན་ཡོང་སྲིད།
རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱིས་ང་ཚོར་འགལ་བའི་འགུལ་སྐྱོད་ནི་བྱ་དངོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་སྒུལ་ཤུགས་ཤིག་ཡིན་ཞེས་བཤད་པས་སྒྱུར་བཅོས་ནི་གནད་དོན་ལ་བརྟེན་ནས་བྱུང་ཞིང་གནད་དོན་ཐག་གཅོད་བྱེད་ཁྲོད་རྒྱུན་ཆད་མེད་པར་གཏིང་ཟབ་འགྲོ་བ་ཞིག་ཡིན། སྒྱུར་བཅོས་སྒོ་དབྱེ་བྱེད་པར་དུས་ད་ལྟ་བ་ལས་འདས་པ་མེད། “འགྱུར་ལྡོག་ཁྲོད་གསར་གཏོད་བརྩོན་ལེན་བྱེད་པར”ཡང་ནམ་ཡང་མཇུག་འགྲིལ་རྒྱུ་མེད། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ན་ང་ཚོས་སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་མཐུད་ངང་སྐྱོན་བྲལ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བའི་ཁར“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་སྐུལ་འདེད་བཏང་ནས་དུས་རབས་དང་མི་དམངས་ལ་ངོ་གནོངས་མི་དགོས་པའི་རྒྱུགས་ལན་གསར་རྐྱང་ཞིག་སྤྲོད་ཐུབ།