དབུ་ཤོག>གསར་འགྱུར།
  • རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་ཚུན་ཆབ་མདོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་314འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-24

    ཚེས་21ཉིན་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་ཚུན་གྱི་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་འཚོགས་པ་རེད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག་ལོ་ངོ་50ཡི་རིང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཚད་བརྒལ་མང་པོ་བྱུང་ཡོད་པ་སྟེ། 1965ལོ་ནས་2014ལོ་བར་ཆབ་མདོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་314འཕར་ཡོད་པ་དང་། ཐོན་ལས་ཀྱི་རྨང་གཞི་ཆགས་འགོ་ཚུགས་ནས་ཐོན་ལས་འཕེལ་རྒྱས་དེ་ཞིང་འབྲོག་ལས་དཔལ་འབྱོར་རྐྱང་པ་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པ། རྨང་གཞིའི་སྒྲིག་བཀོད་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ནས་2014ལོ་མཇུག་བར་ཆབ་མདོ་གྲོང་ཁྱེར་གྱི་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་1.39ཟིན་པ་དང་། གློག་དྲ་གཙོ་བོ་མི་འབོར་ལ་ཁྱབ་ཚད་47%ཟིན་པ། གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་ལས་གྲྭ་3865ལག་ལེན་བསྟར་བ། གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་ནང་ཆུ་འདྲེན་ཁྱོན་མུའུ་ཁྲི་29.7བར་མཐོ་རུ་ཕྱིན་པ། ཤང(གྲོང་རྡལ)འོད་སྐུད་ཤར་གཏོང་ཐུབ་ཚད་98%ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཡར་ངོའི་ཟླ་ལྟར་ལེགས་སུ་ཕྱིན་པ། དམངས་འཚོ་ལེགས་སུ་མངོན་གསལ་དོད་པོ་བྱུང་བ། སྨན་བཅོས་འཕྲོད་བསྟེན་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། སྤྱི་པའི་རིག་གནས་མ་ལག་རིམ་གྱིས་འཐུས་ཚང་དུ་ཕྱིན་པ། སྤྱི་ཚོགས་འགན་ལེན་མ་ལག་ཀྱང་རིམ་གྱིས་འཐུས་ཚང་དུ་ཕྱིན་པ། མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ། 2014ལོར་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་6616ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་19256ཟིན་པ་བཅས་བྱུང་ཡོད་ཅེས་བསྟན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།