དབུ་ཤོག
  • གཟའ་མཇུག་ཏུ་གཞིས་རྩེར་རི་ལི་ཐེངས་གསུམ་རེ་གཏོང་རྒྱུ་རེད་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-23

    གསར་འགོད་པས་ཁ་ཉིན་ལྷ་ས་མེ་འཁོར་བབས་ཚུགས་ནས་ཤེས་རྟོགས་བྱས་པར།  ལྷ་གཞིས་ལྕགས་ལམ་གྱི་འགྲུལ་པའི་དགོས་མཁོ་སྐོང་ཆེད།  མཚོ་བོད་ལྕགས་ལམ་ཀུང་སིས་ཟླ་7ཚེས་24ནས་26ཉིན་བར་ལྷ་ས་ནས་གཞིས་རྩེ་བར་གྱི་Z9903/4གནས་སྐབས་འགྲུལ་པའི་མེ་འཁོར་མང་དུ་བཏང་འདུག་པས། ཡུལ་སྐོར་བས་སྤ་སེ་ཚོང་ས་དང་། ཁ་པར་རྒྱག་པ། འཕྲིན་སྦྲེལ་དྲ་བ་བཅས་བརྒྱུད་མེ་འཁོར་སྤ་སེ་མངག་ཉོ་བྱས་ཆོག

    ལྷ་ས་མེ་འཁོར་བབས་ཚུགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཟླ་7ཚེས་24ནས་26ཉིན་བར་ལྷ་ས་ནས་གཞིས་རྩེ་བར་གྱི་Z9903/4གནས་སྐབས་འགྲུལ་པའི་མེ་འཁོར་མང་དུ་གཏོང་རྒྱུ་ཡིན་པའང་།  གཟའ་འཁོར་འདིའི་གཟའ་པ་སངས་དང་། སྤེན་པ། ཉི་མ་བཅས་ལ་ཡུལ་སྐོར་བ་ལྷ་ས་ནས་གཞིས་རྩེར་བསྐྱོད་ཚེ་མེ་འཁོར་ཐེངས་3གདམ་ག་བྱ་རྒྱུ་ཡོད་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་ཁྱོན་མེ་འཁོར་ཐེངས་6ཡོད་ཅེས་བཤད་བྱུང་། ལས་དོན་མི་སྣས་གསར་འགོད་པར་མཁོ་འདོན་བྱས་པའི་མེ་འཁོར་གཏོང་ཡུན་རེའུ་མིག་ལྟར་ན། ལྷ་ས་ནས་གཞིས་རྩེར་སྐྱོད་པའི་Z9903གནས་སྐབས་འགྲུལ་པའི་མེ་འཁོར་ཆུ་ཚོད་15དང་སྐར་མ་10ལ་ལྷ་ས་ནས་ཐོན་ཏེ། ཆུ་ཚོད་17དང་སྐར་མ་59ལ་གཞིས་རྩེར་འབྱོར་རྒྱུ་དང་། གཞིས་རྩེ་ནས་ལྷ་སར་གཏོང་བའི་Z9904གནས་སྐབས་འགྲུལ་པའི་མེ་འཁོར་ཆུ་ཚོད་18དང་སྐར་མ་45ལ་གཞིས་རྩེ་ནས་ཐོན་ཏེ་ཆུ་ཚོད་21དང་སྐར་མ་33ལ་ལྷ་སར་འབྱོར་རྒྱུ་རེད། ཁ་ཉིན་ཕྱི་དྲོ་གསར་འགོད་པས་12306ཀྲུང་གོ་ལྕགས་ལམ་འཛད་སྤྱོད་ཞབས་ཞུའི་ལྟེ་གནས་ཀྱི་དྲ་ཚིགས་ནས་ཤེས་རྟོགས་བྱས་པར། Z9903/4གནས་སྐབས་འགྲུལ་པའི་མེ་འཁོར་གྱི་སྤ་སེ་དྲ་ཐོག་ནས་འཚོང་འགོ་ཚུགས་འདུག

    ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོར་འགྲོ་འོང་དུས་ཚོད་རེའུ་མིག

    Z8801ལྷ་ས(09∶00)→གཞིས་རྩེ(12∶09)

    Z9903ལྷ་ས(15∶10)→གཞིས་རྩེ(17∶59)

    Z8803ལྷ་ས(19∶40)→གཞིས་རྩེ(22∶20)

    Z8804གཞིས་རྩེ(08∶00)→ལྷ་ས(10∶37)

    Z8802གཞིས་རྩེ་(17∶30)→ལྷ་ས་(20∶32)

    Z9904གཞིས་རྩེ་(18∶45)→ལྷ་ས་(21∶33)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།