དབུ་ཤོག>གསར་འགྱུར།
  • གཞོན་ནུ་ལོ་ཆུང་སྐྱོན་བྲལ་འཚར་ལོངས་ཡོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ཝང་ཧྲན་གྱིས།   |     སྤེལ་དུས།  2015-07-22

    ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་རྒྱུ་ནི་ཁྱབ་ཁྱོན་ཆེ་བ་དང་འབྲེལ་བ་མང་བའི་སྤྱི་ཚོགས་ཀྱི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་རེད། གསར་གཏོད་ལས་དོན་ཁྲོད་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་གི་ཤུགས་རྐྱེན་ནི་ཤོག་བུ་སྣུམ་ཟོས་ལྟ་བུ་ཡིན་པས། དེ་གྲོང་མིའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་རེ་བ་ཡིན། གཞོན་ནུ་ལོ་ཆུང་འཚར་ལོངས་ཡོང་བར་བྱེད་པའི་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་དམིགས་ཚད་གཙོ་བོའི་གྲས་ཤིག་དང་གྲོང་ཁྱེར་ཤེས་དཔལ་དང་ཞི་མཐུན་ལྡན་པར་སྐུལ་འདེད་གཏོང་བའི་ཕྱོགས་གལ་ཆེན་ཞིག་རེད་ལ་ལྷ་སའི་མ་འོངས་འཕེལ་རྒྱས་ལ་ཐུག་པའི་རྨང་རྡོ་ལྟ་བུ་ཞིག་དེ་བས་རེད།

    གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕན་པའི་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་ཧུར་ཐག་བསྐྲུན་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་རེད།

    གཅིག་ནས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། དོན་འཁྱོལ་ལ་སྣང་ཆེན་བཅས་བྱེད་དགོས་ཤིང་། རིམ་ཁག་སྲིད་གཞུང་གིས“གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྤྱི་ཚོགས་འགན་སྲུང་ཨུ་ལྷན” བཙུགས་ཏེ་འབྲེལ་ཡོད་མཛུབ་ཁྲིད་དང་ལྟ་སྐུལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་ཀྱི་ཞིབ་འཇུག་སྒྲིག་གཞི་བཙུགས་ཏེ་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྤྱོད་རུང་བའི་འབྲེལ་ཡོད་སྲིད་ཇུས་ཞིབ་འཇུག་གིས་བཟོས་ནས་ལས་དོན་གསར་གཏོད་དང་ལས་དོན་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་གཙོ་གཉེར་སྡེ་ཚན་གྱིས་ངེས་པར་དུ་གནད་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས།

    གཉིས་ནས་སྲིད་གཞུང་དང་། སྡེ་ཁུལ། སློབ་གྲྭ ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ་སློབ་གསོར་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་སུ་བཏང་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་སྲིད་གཞུང་གི་དོན་དག་ཅིག་དང་སློབ་གྲྭའི་དོན་དག་ཅིག་མིན་པར་དེ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་དེ་བས་རེད། དེར་བརྟེན་སྲིད་གཞུང་དང་། སྡེ་ཁུལ། སློབ་གྲྭ ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རིམ་ཁག་སྲིད་གཞུང་གིས་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་། སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྡེ་ཁུལ་དང་སློབ་གྲྭ་བཅས་ཀྱི་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས། ཁྱིམ་ཚང་ཚང་མ་དང་སྤྱི་དམངས་ཚང་མ་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྒྲིག་འཛུགས་བྱེད་མཁན་དང་། དེའི་ནང་ཞུགས་མཁན། སྐུལ་འདེད་གཏོང་མཁན། ལག་ལེན་བྱེད་མཁན་བཅས་ལ་འགྱུར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།