དབུ་ཤོག>གསར་འགྱུར།
  • “གནས་བརྗེས་བསམ་གཞིག”དར་སྤེལ་བཏང་ནས་ཞབས་ཞུའི་སྤུས་ཀ་ལེགས་སུ་གཏོང་དགོས།

  • ཡོང་ཁུངས།  སུན་ཝུན་ཅོན་གྱིས།   |     སྤེལ་དུས།  2015-07-22

    “དམངས་ཕན་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད”སྤེལ་བ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལག་ལེན་བྱེད་པ་ཞིག་དང་། ཁྲལ་འབབ་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ཁྲལ་འཇལ་ཞབས་ཞུའི་ཆུ་ཚད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། དེ་བས་ཀྱང་རྒྱལ་ཡོངས་ཁྲལ་དོན་སྒྲིག་གཞི་ཁག་གི་རྒྱུན་གཏན་ལས་ཀའི་རྩ་བའི་དམིགས་ཡུལ་ཞིག་དང་། ཁྲལ་དོན་སྒྲིག་གཞི་ཁག་གི་དམངས་ཆེད་ལས་སྒྲུབ་ལ་ཚད་འཇལ་བའི་གཞི་རྩའི་ཚད་གཞི་ཞིག་རེད།

    རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁྲལ་དོན་ཁོངས་གཏོགས་ཀྱི“དམངས་ཕན་ཁྲལ་གཉེར་དཔྱིད་རླུང་བྱ་སྤྱོད”སྤེལ་བར་འགག་རྩ་ནི་གཤམ་གསལ་གྱི་གནད་དོན་ཐག་གཅོད་བྱེད་དགོས་པ་སྟེ།

    དང་པོ། ཞབས་ཞུའི་འདུ་ཤེས་ཟབ་ཏུ་དང་ཞབས་ཞུའི་ལྟ་བ་མཐོ་རུ་གཏོང་དགོས། གང་ས་ཅི་ཐད་ནས་དཔྱ་ཁྲལ་འཇལ་མཁན་ལ་བསམ་བློ་གཏོང་བ་དང་ཁོང་ཚོར་སྣེ་ལེན་ཞུ་བར“སེམས་རྩ་འཁོལ་པོ་བྱས་ཏེ་ཧུར་བརྩོན་དང་རང་འགུལ་གྱི་སྒོ་ནས་དཔྱ་ཁྲལ་འཇལ་མཁན་དང་འབྲེལ་བ་བྱེད་དགོས། གནད་དོན་ལ་ལན་རྒྱག་པར“ངང་རྒྱུད་རིང་པོ”བྱས་ཏེ། སྐད་ཆ་གོ་བདེ་བ་དང་དལ་དལ་ལྷོད་ལྷོད་ཀྱིས“སུན་སྣང་མེད་པའི་ཞབས་ཞུ”དར་སྤེལ་གཏོང་དགོས། བསམ་འཆར་དང་ལེན་བྱེད་པར“ཁེངས་སྐྱུང”བྱེད་དགོས་པ་དང་དཔྱ་ཁྲལ་འཇལ་མཁན་གྱི་དགོས་མཁོ་ཤེས་རྟོགས་མང་ཙམ་བྱེད་ལ། དཔྱ་ཁྲལ་འཇལ་མཁན་གྱི་ཟུར་ཚད་ནས་རང་ངོས་ཀྱི་ལས་ཀའི་ཞན་ཆར་བསམ་གཞིག་བྱས་ཏེ“གནས་བརྗེས་བསམ་གཞིག”གི་ཞབས་ཞུ་དར་སྤེལ་གཏོང་དགོས།

    གཉིས་པ། ཁྲལ་དོན་སྒྲིག་གཞི་ཁག་གི་ལས་དོན་མི་སྣས་ཁྲལ་དོན་ལས་ཀ་གཉེར་བ་དང་དུས་མཚུངས་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། སྐར་ཁུང་མི་སྣ་ཚང་མ་ནི་ཟུར་ཁྲིད་པ་ཡིན་པའི་ལས་ཀའི་བྱེད་ཐབས་འཛུགས་པ། འཕྲལ་དུ་སྒྲུབ་དགོས་པའི་བྱ་བ་འཕྲལ་དུ་སྒྲུབ་ཐུབ་པ། དཔྱ་ཁྲལ་འཇལ་མཁན་ལ་ས་ཆ་དེ་རང་དུ་མཛུབ་ཁྲིད་བྱེད་ཐུབ་པ། ཁྲལ་གཉེར་དང་སློབ་གསོ་གཞི་གཅིག་ཅན་དུ་འགྱུར་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཁྲལ་གཉེར་ཚན་རྩལ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་སོགས་སྲོལ་རྒྱུན་གྱི་འཐབ་ས་རྒྱུན་ཆད་མེད་པར་སྲ་བརྟན་དང་མཐོ་རུ་གཏོང་བའི་རྨང་གཞིའི་ཐོག་དྲ་ཐོག་ཁྲལ་གཉེར་དང་། དྲ་ཐོག(སྐད་འཕྲིན)སྔོན་མངགས་ཁྲལ་གཉེར། རང་བརྟེན་ཁྲལ་གཉེར་སོགས་དྲ་ཐོག་ཁྲལ་གཉེར་སྟེགས་བུ་འཐུས་སྒོ་ཚང་དུ་གཏོང་དགོས།

    གསུམ་པ། ལས་ཀའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ལམ་ལུགས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ཡོང་བའི་འགན་སྲུང་བྱེད་དགོས། ལས་དོན་ལ་རྒྱལ་ཕམ་ཇི་ཡོང་གི་འགག་རྩ་ནི་དོན་འཁྱོལ་ལ་ཐུག་པ་དང་ལས་དོན་དོན་འཁྱོལ་བྱེད་པར་ལམ་ལུགས་ལ་བརྟེན་དགོས། ཁྲལ་འཇལ་ཞབས་ཞུའི་ལྟ་སྐུལ་ལམ་ལུགས་མ་ལག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་དང་། འགན་འཁྲི་བདའ་འདེད་ལམ་ལུགས། ཞུ་གཏུག་ཐག་གཅོད་ལམ་ལུགས། ལྟ་སྐུལ་ཞིབ་བཤེར་ལམ་ལུགས་སོགས་ལམ་ལུགས་འཛུགས་སྐྱོང་ལ་བརྟེན་ནས་དུས་བཀག་ནང་ཁྲལ་གཉེར་ཞབས་ཞུའི་ཚོམས་ཆེན་གྱི་སྐར་ཁུང་ཁག་གི་ཁྲལ་འབབ་སྲིད་ཇུས་ལག་བསྟར་དང་། ཁྲལ་གཉེར་ཞབས་ཞུ། སྲིད་གཙང་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་མངོན་ཞིབ་ལྐོག་བཤེར་བྱས་ནས་བསྡུ་ལེན་དོ་དམ་གནད་ལ་མི་འཁེལ་བ་དང་ཞབས་འདེགས་གནད་ལ་མི་འཁེལ་བའི་རིགས་ཡོད་ཕྱིན། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་འབྲེལ་དུས་ཐོག་ཏུ་དག་ཐེར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།