དབུ་ཤོག>གསར་འགྱུར།
  • རྫ་ཡུལ་རྫོང་གིས་བྱ་ཐབས་བཞིར་བརྟེན་ནས་ཉེན་ཡོད་ཀྱི་རྫས་འགྱུར་དངོས་པོ་དོ་དམ་བྱ་བར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-20

    འདི་ལོ་ནས་བཟུང་རྫ་ཡུལ་རྫོང་གིས་ཉེན་ཡོད་ཀྱི་རྫས་འགྱུར་དངོས་པོ་དོ་དམ་བྱ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    གཅིག་ནས་འབྱུང་རྩ་ནས་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཉེན་ཁ་ཆེ་ཞིང་འབར་སླ་བའི་དངོས་པོ་ཡོད་པའི་ཚན་པས་དངོས་པོ་དེ་རིགས་ཉར་ཚགས་དང་། སྤྲོད་པ། སྤྱོད་པ། ཕྱིར་སློག་སོགས་ཀྱི་བདེ་འཇགས་དོ་དམ་ལམ་ལུགས་ལག་ལེན་ནན་ཏན་བསྟར་དུ་བཅུག་པ་དང་། དུས་ངེས་མེད་ཐོག་ནས་ཉེན་ཁ་ཆེ་ཞིང་འབར་སླ་བའི་དངོས་པོ་ཡོད་པའི་ཚན་པས་དངོས་པོ་དེ་རིགས་བེད་སྤྱོད་བྱས་མིན་ཐད་ཞིབ་བཤེར་དང་ཉོ་སྒྲུབ་ཐོ་འགོད་ཞིབ་བསྡུར། མཛོད་ནས་འདོན་འཇུག་ཐོ་འགོད་བྱས་ཚུལ་དོ་དམ་པར་འདྲི་བ་སོགས་བྱས་པ་དང་།

    གཉིས་ནས་མིང་ངོ་མ་འགོད་རྒྱུར་ནན་པོ་བྱས་པ། ཉེན་ཁ་ཡོད་པའི་རྫས་འགྱུར་དངོས་པོར་ཞིབ་མཆན་འགོད་པའི་འགག་སྒོ་ནན་པོ་སྲུང་སྟེ་ཉེན་ཁ་ཡོད་པའི་རྫས་འགྱུར་དངོས་པོར་སྲིད་འཛིན་ཆོག་འཐུས་སྤྲོད་རྒྱུར་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་དང་བླང་བྱར་གཞིགས་ནས་དོ་ནན་ངང་མིང་ངོ་མ་བཀོད་དུ་བཅུག་པ།

    གསུམ་ནས་མཐིལ་རྟོགས་དག་ཐེར་བྱས་པ། ཉེན་ཁ་ཡོད་པའི་རྫས་འགྱུར་དངོས་པོའི་ལས་ཀ་བྱེད་མཁན་ཚན་པས་མཐིལ་རྟོགས་རེས་མོས་ངང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གྲྭ་དང་། སྨན་ཁང(ནད་དཔྱད་ཁང)སོགས་གཙོ་གནད་ཚན་པ་དང་ཉེན་ཁ་ཡོད་པའི་རྫས་འགྱུར་དངོས་པོ་སྐྱེལ་འདྲེན་འཁོར་སྐྱོད་བྱ་ཡུལ་གཙོ་བོ་རིམ་བཞིན་ལྟ་སྡོམ་ནང་བཅུག་སྟེ། ཡང་ཡང་བསྐྱར་ཞིབ་དང་། རིམ་པས་གཙང་སེལ་གྱིས་བདེ་འཇགས་མེད་པའི་ཞན་ཆ་ཁྱོན་ཡོངས་ནས་བསལ་ཏེ་འབྱུང་ཉེན་རྐྱེན་ངན་འཕྲལ་དུ་མེད་པར་བཟོས་པ།

    བཞི་ནས་དྲིལ་བསྒྲགས་ཁོར་ཡུག་བཟང་པོ་གཏོད་པ། དཔྱད་ཡིག་འགྲེམས་པ་དང་། སྦྱར་ཚིག་འགེལ་བ་སོགས་བརྒྱུད་ཞིང་འབྲོག་ཁུལ་དུ་དྲིལ་བསྒྲགས་ཡག་པོ་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།