དབུ་ཤོག>གསར་འགྱུར།
  • འཇར་མན་གྱིས་སྨན་བཅོས་གྲངས་གཞི་ཅན་གྱི་འཕེལ་རིམ་མགྱོགས་སུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-07-19

    ཉེ་ཆར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་སྨན་བཅོས་འཕྲོད་སྦྱོར་ལས་རིགས་ཀྱི་གྲངས་གཞི་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པའི《གློག་རྡུལ་སྨན་བཅོས་ཁྲིམས་གཞི》གྲོས་འཆམ་བྱུང་བ་རེད། སྐུལ་སྤེལ་སྲིད་ཇུས་ཡིན་པའི་ཁྲིམས་གཞིའི་ནང་2018ལོའི་གོང་དུ་རང་འགུལ་ངང་གྲངས་གཞིའི་དྲ་སྦྲེལ་མ་ལག་སྤྱད་དེ་ནད་ཐོ་འབྲི་བ་དང་ནད་གཞི་བརྟག་དཔྱད་བྱེད་མཁན་སྨན་པར་ཕོགས་སྣོན་བྱ་དགའ་ངེས་ཅན་སྤྲོད་རྒྱུ་དང་2018ལོ་ནས་བཟུང་སྨན་བཅོས་ལས་རིགས་ཡོངས་ཀྱི་ལས་སྒྲུབ་གྲངས་གཞི་ཅན་དུ་འགྱུར་བ་བྱ་རྒྱུ་ཡིན་པའི་གཏན་འབེབས་བྱས་ཡོད།

    2018ལོ་ནས་བཟུང་ནད་རྟགས་དང་སྨན་བཅོས་དང་ལེན་བྱས་པའི་ཐོ་དང་ཐོ་འགོད་སྨན་དང་མ་འཕྲོད་པའི་ལོ་རྒྱུས་སོགས་ཚུད་པའི་ནད་པའི་གཟུགས་གཞི་བདེ་ཐང་གནས་ཚུལ་དང་འབྲེལ་བའི་ཆ་འཕྲིན་གལ་ཆེན་མཐའ་དག་གློག་རྡུལ་སྨན་བཅོས་གཱ་ནང་ཐོ་འགོད་བྱས་ནས་ནད་པས་ཚེ་གང་རིང་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད། 

    འཇར་མན་གྱིས་སྨན་བཅོས་གྲངས་གཞི་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་སྐབས་འགན་ནུས་དབྱེ་འབྱེད་དང་། གྲངས་གཞི་སྲུང་སྐྱོབ། གྲངས་གཞི་ཅན་གྱི་མ་གནས་འགྲོ་གྲོན་སོགས་ཚུད་པའི་གནད་དོན་འཕྲད་ཡོད། དོ་སྣང་བྱེད་དགོས་པ་ཞིག་ལ་སྨན་པ་ནི་ཁྲིམས་གཞི་དེར་ངོ་རྒོལ་བྱེད་མཁན་གཙོ་བོ་ཡིན། སྨན་པ་ཚོས་ཡོངས་ཁྱབ་ངང་སེམས་ཁྲལ་བྱེད་པ་ནི་གཅིག་གྱུར་གྱི་གློག་རྡུལ་སྨན་བཅོས་གཱ་བེད་སྤྱད་རྗེས“འགན་བཅོལ་ཁུངས་སྣེའི་གྲངས་གཞི་དོ་དམ”སོགས་གློག་རྡུལ་གཱ་དོ་དམ་ལས་དོན་གྱིས་ནད་དཔྱད་དུས་ཚོད་རིང་དུ་ཕྱིན་ནས་ནད་པ་སྒུག་སྡོད་ཀྱི་དུས་ཚོད་རིང་དུ་འགྲོ་བ་དེ་ཡིན། གལ་སྲིད་གློག་རྡུལ་གྲངས་གཞིའི་ཆ་འཕྲིན་ཕྱིར་གྱར་ཚེ་ནད་པའི་སྒེར་གྱི་གསང་དོན་ལ་གནོད་འཚེ་ཕོག་སྲིད། གཞན་ཡང་སྨན་པ་མང་པོ་ཞིག་གིས་ལས་ཀ་བྱེད་སྐབས་དྲ་བ་སྤྱོད་ཀྱི་མེད་སྟབས་བལྟོས་བཅས་ཀྱི་དྲ་བའི་སྒྲིག་ཆས་ཉོ་བའི་འགྲོ་གྲོན་འཐོལ་པ་སྤྲོད་མི་འདོད་པ་དང“གྲངས་གཞི་ཅན་གྱི་ལས་སྒྲུབ་བྱེད་སྟངས་མི་ཤེས་པའི་རྐྱེན་གྱིས་ལས་འཛོལ་ཐོན་སྲིད་པའི”སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།