དབུ་ཤོག>གསར་འགྱུར།
  • རང་ཉིད་མཚོན་པར་བྱས་ནས། འཛམ་གླིང་དང་འབྲེལ་བ་བཙུཌ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-07-19

    སྐབས་ང་དྲུག་པའི་ཝུའེ་ཉི་སི་རྒྱལ་སྤྱིའི་སྒྱུ་རྩལ་ལོ་འཁོར་ཆ་ཟུང་འགྲེམས་སྟོན་རིང་ཀྲུང་གོའི་སྒྱུ་རྩལ་མཁས་པ་མང་པོ་ཞིག་གིས་ཀྲུང་གོའི་རྒྱལ་ཁབ་འགྲེམས་སྟོན་ཁང་དང་། རྒྱལ་ཁབ་གཞན་དང་མཉམ་ལས་བྱས་པའི་འགྲེམས་སྟོན་ཁང་། མཉམ་གཤིབ་འགྲེམས་སྟོན་བྱེད་སྒོ་སོགས་སྟེགས་བུ་སྣ་ཚོགས་ལ་བརྟེན་ནས་འགྲེམས་སྟོན་ནང་ཞུགས་ཡོད། ཕྱི་རྒྱལ་གྱི་ལྟ་སྐོར་བ་ཚོས་དབྱི་ཐ་ལིའི་ཝུའེ་ཉི་སིའི་གང་ས་གང་དུ་འགྲེམས་སྟོན་བྱས་པའི་ཀྲུང་གོའི་སྒྱུ་རྩལ་བརྩམས་ཆོས་བརྒྱུད་སྒྱུ་རྩལ་བརྩམས་ཆོས་ལས་མངོན་པའི་ཀྲུང་གོའི་སྤྱི་ཚོགས་ཤེས་རྟོགས་དང་། ཀྲུང་གོའི་དེང་དུས་སྒྱུ་རྩལ་འཕེལ་རྒྱས་དང་དར་རྒྱས་བྱུང་ཚུལ་ཤེས་ཚོར། ཀྲུང་གོའི་སྒྱུ་རྩལ་མཁས་ཅན་སྐོམ་པ་ཆུ་འདོད་ལྟར་གྱི་རང་མཚོན་པར་བྱས་ནས་འཛམ་གླིང་དང་འབྲེལ་བར་འདོད་པའི་བསམ་འདུན་ཉམས་ལེན་བཅས་བྱས་པ་རེད།

    སྐབས་དེའི་ལོ་འཁོར་ཆ་ཟུང་འགྲེམས་སྟོན་གྱི་བརྗོད་བྱ་གཙོ་བོ་ནི“འཛམ་གླིང་ཡོངས་ཀྱི་འབྱུང་འགྱུར”ཞེས་པ་ཡིན་པར་བསྟུན་ཏེ་ཀྲུང་གོའི་འགྲེམས་སྟོན་ཁང་གི་འདི་ལོའི་བརྗོད་དོན་གཙོ་བོ“དམངས་ཁྲོད་ཀྱི་འབྱུང་འགྱུར”ཞེས་པར་གཏན་འཁེལ་བྱས་ཡོད། བཤམས་པའི་བརྩམས་ཆོས་ལ་ལ་ཀྲུང་གོའི་གྲོང་གསེབ་ཀྱི་འཚོ་བ་དངོས་ཀྱི་འཕོ་འགྱུར་སྐོར་ཡིན་པ་དང་། ལ་ལ་ཀྲུང་གོའི་གྲོང་གསེབ་ཀྱི་རིག་གནས་སྲོལ་རྒྱུན་འཚོལ་བསྡུ་དང་སྒྱུ་རྩལ་གསར་རྩོམ་རིག་པ་བསྡུ་ལེན་སྐོར་ཡིན་པ། ལ་ལ་ཀྲུང་གོའི་ཞིང་ལས་མི་འབོར་ཕྱོགས་སྒྱུར་ཁྲོད་མཚོན་པར་བྱས་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་སྐོར་ཡིན་ཞིང་། དེ་དག་ཚང་མའི་སྟོན་ཕྱོགས་ནི་ཀྲུང་གོའི་འབྱུང་འགྱུར་གྱི་གྲོང་གསེབ་སྐྱོང་རྒྱུ་དེ་རེད།

    ཧྥ་རན་སེ་བ་ཝུའེ་ལུའོ་ཉི་ཁ་·ཏི་ཁང་གིས་བརྩམས་ཆོས་དེ་དག་བལྟས་རྗེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“དེར་བཤམས་པའི་སྒྱུ་རྩལ་བརྩམས་ཆོས་དེ་དག་ལས་ཀྲུང་གོ་བའི་འཚོ་བ་དངོས་དང་། ཀྲུང་གོའི་གྲོང་གསེབ་ཀྱི་རྒྱུན་གཏན་འཚོ་བ། དེ་བཞིན་མི་དཀྱུས་མ་དེ་དག་ལ་འཕྲད་པའི་གནད་དོན་བཅས་ཤེས་རྟོགས་བྱུང”ཞེས་བཤད་པ་རེད།

    ལོ་120ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཝུའེ་ཉི་སི་ལོ་འཁོར་ཆ་ཟུང་འགྲེམས་སྟོན་དེས་འདི་ལོ་རྒྱལ་སྤྱིའི་འགྲེམས་ཞུགས་པ་89ཡི་ཡིད་དབང་འཕྲོག་ཅིང་། འགྲེམས་སྟོན་ཁང་29སྲོལ་རྒྱུན་གྱི་ལོ་འཁོར་ཆ་ཟུང་འགྲེམས་སྟོན་གྱི་མེ་ཏོག་ལྡུམ་རའི་འགྲེམས་སྟོན་ཁུལ་དུ་བཀོད་སྒྲིག་བྱས་པའི་ནང་ཀྲུང་གོའི་འགྲེམས་སྟོན་ཁང་ཚུད་པའི་འགྲེམས་སྟོན་ཁང་31བསྐྱར་བཟོ་ཡང་ཡང་བྱས་ནས་འཐུས་སྒོ་ཚང་དུ་བཏང་བའི་དམག་མིའི་སྒྲིག་ཆས་མཛོད་ཁང་འགྲེམས་སྟོན་ཁུལ་དུ་ཡོད་པ་དང་དེ་བྱིངས་ཀྱི་འགྲེམས་སྟོན་ཁང་ཝུའེ་ཉི་སི་གྲོང་ཁྱེར་གྱི་ཟུར་གདོང་མང་པོ་ཞིག་ཏུ་བཀོད་སྒྲིག་བྱས་ཡོད་པ་རེད། སྐབས་དེའི་ལོ་འཁོར་ཆ་ཟུང་འགྲེམས་སྟོན་ཐོག་གཞུང་ཕྱོགས་ཀྱིས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཐོག་དུ་ཞུགས་པར་གདན་དྲངས་པའི་སྒྱུ་རྩལ་པ་136ཡོད་པ་དག་རྒྱལ་ཁབ་53ནས་ཡིན་པ་དང་། དེའི་ནང་མི་89ནི་འགྲེམས་སྟོན་དུ་ཞུགས་ཐེངས་དང་པོ་ཡིན་པ། ཐོག་མར་བཤམས་པའི་དེང་དུས་སྒྱུ་རྩལ་བརྩམས་ཆོས་159ཡོད་པ་རེད།

    དེང་དུས་སྒྱུ་རྩལ་ལ་དབྱིངས་ཞུགས་པའི་ལོ་74ལ་སླེབས་པའི་ལྟ་སྐོར་བ་ཕེ་ལི་ཕུའུ་·ཝེའར་ཧོ་ལེ་མུའུ་ཡིས་ཀྲུང་གོའི་འགྲེམས་སྟོན་ཁང་དུ་ཡོང་ནས་ཀྲུང་གོའི་ཞིང་པ་ལས་མིས་བེད་མེད་དུ་བཞག་པའི་བཟོ་གྲྭའི་ནང་ཟློས་གར་འཁྲབ་པའི་དངོས་མཚོན་གློག་བརྙན་ཞིག་བལྟས་ཤིང་། ཁོང་གིས“དེ་ནི་དེང་དུས་ཀྱི་སྒྱུ་རྩལ་ཡིན”ཞེས་ཐག་ཆོད་པོས་བཤད་པ་རེད། འདི་ལོའི་ཀྲུང་གོའི་འགྲེམས་སྟོན་ཁང་གི་འགྲེམས་སྟོན་ཇུས་འགོད་ཚོགས་པའི་མཚོན་ཚུལ་དང་དེ་བཞིན་འགྲེམས་ཞུགས་སྒྱུ་རྩལ་པ་གདམ་ག་བྱེད་པའི་ཆུ་ཚད་ཁོང་གི་བློ་ལ་བབས་ཤིང་། ཁོང་གིས་ཀྲུང་གོའི་འགྲེམས་སྟོན་ཁང་དུ་བཤམས་པའི་འགྲེམས་རྫས་ལས་སྔོན་མ་དང་འབྱུང་འགྱུར་དབར་སྤེལ་རེས་བྱེད་པའི་མྱོང་ཚོར་ཡོང་གི་འདུག་ཅེས་བཤད་པ་རེད།

    ཝུའེ་ཉི་སི་ལོ་འཁོར་ཆ་ཟུང་འགྲེམས་སྟོན་དེ་འཛམ་གླིང་གི་དེང་དུས་སྒྱུ་རྩལ་མཚོན་པའི་རིས་སྣ་འཆར་མདོང་ལྟ་བུ་ཡིན་ཞིང་། རྒྱལ་ཁོངས་མི་འདྲ་བ་དང་། ལོ་ན་མི་འདྲ་བ། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ། སྒྱུ་རྩལ་ཁོངས་གཏོགས་མི་འདྲ་བ་བཅས་ཀྱི་སྒྱུ་རྩལ་མཁས་པས་སྒྱུ་རྩལ་གསར་གཏོད་བྱེད་ཐབས་མི་འདྲ་བར་བརྟེན་ནས་བརྗོད་དོན་གཙོ་བོར་རང་ཉིད་ཀྱི་གོ་བ་ལེན་ཚུལ་དང་གསལ་བཤད་བྱ་ཚུལ་སྐྱེ་བོ་ཀུན་ལ་མངོན་པར་བྱ་རྒྱུ་རེད། ཀྲུང་གོའི་འགྲེམས་ཞུགས་སྒྱུ་རྩལ་པ་ནི་ཝུའེ་ཉི་སི་ལོ་འཁོར་ཆ་ཟུང་འགྲེམས་སྟོན་ཐོག་མི་གྲངས་ཅུང་མང་བའི་ཁྱུ་ཚོགས་ཤིག་ཡིན་པ་དང་ཁོང་ཚོའི་བརྩམས་ཆོས་དག་ནུབ་ཕྱོགས་སྒྱུ་རྩལ་པའི་བརྩམས་ཆོས་དང་མི་འདྲ་བར་དབྱེ་བ་འབྱེད་བདེ་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།