དབུ་ཤོག>གསར་འགྱུར།
  • ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་གོའི“ཞི་བདེ་སྲུང་སྐྱོང་གཅེས་སེམས་སློབ་ཁང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-07-19

    ཉེ་ཆར་ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་ཁག་18པའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་ཡན་ལག་དམག་ལུའུ་མ་ཉི་ཡ་ཡན་ལག་མངགས་གཏོང་རུ་ཁག་གིས་ངལ་གསོའི་དུས་ཚོད་སྤྱད་ནས་བཅའ་སྡོད་བྱ་ཡུལ་ཉེ་འགྲམ་དུ་ཡོད་པའི་སློབ་ཆུང་ཞིག་ཏུ་བསྐྱོད་དེ“འཛམ་གླིང་གཅིག གཅིག་མཚུངས་ཀྱི་སྤྲོ་སྣང”ཞེས་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། དཔོན་དམག་ཚོས་ཕྲུ་གུ་ཚོར་རྒྱ་ཡིག་སློབ་པ་དང་སློབ་སྦྱོང་མཁོ་ཆས་སྤྲད་པ་མ་ཟད་ཁོང་ཚོ་དང་མཉམ་དུ་རོལ་རྩེད་རྩེ་ནས་དགའ་སྤྲོའི་རྣམ་པས་ཁེངས། 

    ལུའུ་མ་ཉི་ཡ་མངགས་གཏོང་ཡན་ལག་རུ་ཁག་དེ་ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཤར་རྒྱུད་དུ་ཡོད་པའི་ནན་ཅི་ཝུའུ་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་བོ་པུའུ་ཁ་ཝུའུ་གྲོང་ཁྱེར་ལྷོ་རྒྱུད་ཀྱི་བར་ཐག་སྤྱི་ལེ་310ཡི་སར་ཡོད་པའི་གདོད་མའི་ནགས་ཚལ་ནང་བཅའ་སྡོད་བྱས་ཡོད། དེ་ནི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་པས་ཡུན་རིང་ཧམ་བཟུང་བྱས་པའི་ས་ཆ་ཞིག་ཡིན་པ་དེར་དམག་འཁྲུག་རྒྱུན་ཆད་མེད་པར་ལངས་ཀྱི་ཡོད། དམག་འཁྲུག་གི་སྡུག་བསྔལ་ཁྲོད་ལྷུང་པའི་བྱིས་པ་ཚོར་སྤྲོ་སྣང་སྦྱིན་པ་དང་ཞི་བདེ་སྲུང་སྐྱོང་གི་འགན་འཁྲི་འཁུར་ཆེད་མངགས་གཏོང་ཡན་ལག་རུ་ཁག་གི་དཔོན་དམག་ཚོས་ཟླ་རེར་བཅའ་སྡོད་བྱ་ཡུལ་གྱི་སློབ་ཆུང་དང“ཞི་བདེ་སྲུང་སྐྱོང་གཅེས་སེམས་སློབ་ཁང”གི་བྱེད་སྒོ་སྤེལ་ནས་ཁོང་ཚོ་མ་འོངས་པར་ཞི་བདེར་གཅེས་པའི་ཕོ་ཉ་ཞིག་ཏུ་འགྱུར་བ་བྱེད་ཀྱི་ཡོད་པ་རེད།

     འདི་ནི་ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུའུ་མ་ཉི་ཡར་ཀྲུང་གོའི་ཞི་ བདེ་སྲུང་སྐྱོང་དམག་གི་དམག་དཔོན་ཝང་ཅི་ཅུན(གཡས་ཀྱི་གཉིས་པ)དང་ཧྥང་པའོ་ ཧྥུང(གཡས་ཀྱི་དང་པོ)གིས་ས་གནས་དེ་གའི་སློབ་མར་ཞ་སྨྱུག་སོགས་ཡིག་ཆས་སྤྲོད་ པའི་གནས་ཚུལ་ཡིན་པ།

    འདི་ནི་ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུའུ་མ་ཉི་ཡར་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་གི་དམག་དཔོན་ཝུའུ་ཧྥེ་ཡིས་སློབ་ཁང་དུ་རྒྱ་ཡིག་སློབ་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།