དབུ་ཤོག>གསར་འགྱུར།
  • “ཉེ་འགྲམ་གྱི་མི་བཟང”གིས་ས་མཐོ་དྲོ་སྐྱིད་ལྡན་ལ་བཀྲག་མདངས་ལྡན་པ་ཞིག་ཡོང་བ་བྱེད།

  •     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-07-18

    ཁོང་ཚོ་ལས་རིགས་ཁག་ནས་ཡོང་བ་དང་མི་དཀྱུས་མ་ཤ་སྟག་ཞིག་ཡིན་ཞིང་། ཁོང་ཚོ་གཞི་རིམ་ནས་ཡོང་བ་དང་སྐྱེ་བོ་ཕལ་པ་ཡིན།

    ལུས་སྲོག་དེ་སྒར་རྫོང་ལ་ལེགས་སྐྱེས་འབུལ་མཁན་བོད་སྐྱོར་ལས་བྱེད་པ་ཀྲང་ཡུས་ནས་ལོ་14རིང་དཀའ་སྤྱད་འབད་འཐབ་ཀྱིས་རྟ་བཞོན་པ་དང་། ཐག་ཤུད་གཏོང་བ། རྐང་ཐང་མར་སྐྱོད་པ་བཅས་བྱས་ཏེ་སྨན་བཅོས་བྱེད་པར་ཐེངས་2000ལྷག་ཙམ་བསྐྱོད་པའི་རྫ་ཡུལ་རྫོང་ཚ་བ་རོང་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་བུ་ཆུང་བར་དང་། སྲོལ་རྒྱུན་གྱི་འདེབས་འཛུགས་འདུ་ཤེས་ལས་བརྒལ་ཏེ་ཡུལ་མི་སྤུན་ཟླ་ཚོ་སྣེ་ཁྲིད་ནས་ཕྱུག་འགྱུར་གྱི“མྱུར་བགྲོད་ལམ”དུ་སྐྱོད་མཁན་སྟག་རྩེ་རྫོང་འབྲོམ་སྟོད་ཤང་གླིང་ལྔ་གྲོང་ཚོའི་བུད་མེད་ཀྲུའུ་རེན་གོག་གོག་བར། རང་ཉིད་ཀྱི་སྲོག་བློས་གཏོང་བྱས་ནས་མི་གཞན་གྱི་ཚེ་སྲོག་སྐྱོབ་མཁན་ཡོམ་འགོག་གེགས་སེལ་གྱི་དཔའ་བོ་དཔེ་བཟང་པད་ཆོས་བར། མི་གཞན་ལ་སློབ་ལས་ལ་རོགས་པ་བྱས་ནས་སྔ་རྗེས་སུ་མི་30ལྷག་ཙམ་ལ་མ་དངུལ་རོགས་རམ་བྱེད་མཁན་སྨར་ཁམས་རྫོང་ཚྭ་ཁ་ལྷོ་སློབ་འབྲིང་གི་ཞའོ་ཀྲང་དགའ་བློ་བར། ལས་དོན་ཧུར་ཐག་འབད་འཐབ་སྒྲུབ་མཁན་དང་མི་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བའི་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་བཟོ་པ་ཉི་མ་ཕན་ཐོགས་བར་ལོ་དེ་དག་རིང་ཀུན་སྤྱོད་དཔེ་བཟང་བ་དང་། “མི་སྣ་ཡག་ཤོས”“ཉེ་འགྲམ་གྱི་མི་བཟང”བཅས་རེ་རེ་བཞིན་རྒྱུན་ཆད་མེད་པར་ཐོན་པ་དེས་ས་མཐོར་དྲོ་སྐྱིད་སྦྱིན་པས་ཚང་མར་སེམས་འགུལ་ཐེབས་ཡོད།

    ཁོང་ཚོ་ནི་མི་དཀྱུས་མ་ཤ་སྟག་ཡིན་པ་དང་། ཁོང་ཚོ་ནི་དུས་རབས་ཀྱི་མིག་དཔེ་ཞིག་དེ་བས་ཀྱང་ཡིན། སེམས་ནང་གི་གདམ་ག་དང་ཕལ་པའི་བྱ་སྤྱོད་ཐོག་ནས་བདེན་མཛེས་ལེགས་གསུམ་གསལ་བཤད་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བྱས་པ། ལྷད་མེད་བརྩེ་སེམས་དང་བརྟན་སྲུང་ལ་བརྟེན་ནས“ཀུན་སྤྱོད་ཀྱི་མཐོ་ས”སྐྲུན་པ་བཅས་བྱས་སྟབས་མི་དེ་བས་མང་བ་ཞིག“ཉེ་འགྲམ་གྱི་མི་བཟང”དཔུང་ཁག་ནང་ཞུགས་རྒྱུར་ཡིད་འགུག་བྱས་པ་དང་། ཀུན་སྤྱོད་ཀྱི་འོད་སྟོང་དང་སྟོབས་ཤུགས་མྱོང་ཚོར་ཐུབ་པ་དང་དུས་མཚུངས་བཀའ་དྲིན་ཚོར་ཤེས་དང་དྲིན་ལན་འཇལ་དགོས་པ་ཤེས་ཡོད།

    འདི་གར་ང་ཚོས“ཉེ་འགྲམ་གྱི་མི་བཟང”ཚོར་གུས་འདུད་ཞུ་རྒྱུ་ཡིན། “མི་ཡག་ཤོས”ཚོར་སློབ་སྦྱོང་བྱས་ཚེ་མི་གཤིས་ཀྱི་རླབས་ཆེན་མྱོང་ཚོར་ཐུབ་ལ་མདུན་སྐྱོད་ཀྱི་སྟོབས་ཤུགས་དེ་བས་ཀྱང་ཐོབ་ཐུབ།

    “ཉེ་འགྲམ་གྱི་མི་བཟང”ཚོར་མི་རྣམས་ཀྱིས་ཡོངས་ཁྱབ་ཏུ་བསྔགས་བརྗོད་བྱེད་པ་དང་བསམ་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཐོན་པའི་རྒྱུ་མཚན་ནི་ཁོང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ངོ་བོའི་བླང་བྱ་གསལ་བཤད་དང་ལག་ལེན་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་གཅིག་ཏུ་འདུས་པ། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་གཅིག་གྱུར་དང“དྲུག་ལྡན་བོད་ལྗོངས”འཛུགས་སྐྲུན་བྱེད་པའི་ནང་ཞུགས་པའི་དུས་རབས་ཀྱི་རྣམ་པ་མངོན་པ་བཅས་རེད།

    མིག་སྔར་རང་ལྗོངས་ལ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཆེན་པོ་འཆར་བཞིན་ཡོད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་ཀྱི་འགག་རྩའི་དུས་སུ་གནས་པ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་སྔར་བས་མངོན་འགྱུར་ཡོང་བ་བྱེད་པའི་འགོ་འཛུགས་ས་གསར་པར་གནས་པ་བཅས་རེད། རླབས་ཆེན་གྱི་དུས་རབས་ལ་རླབས་ཆེན་གྱི་སྙིང་སྟོབས་མཁོ་བ་དང་རླབས་ཆེན་གྱི་སྙིང་སྟོབས་དེ“ཉེ་འགྲམ་གྱི་མི་བཟང”དེ་བས་མང་བ་ཞིག་བརྒྱུད་ནས་གཅིག་སྡུད་ཐོག་མངོན་པར་བྱེད་དགོས།

    དེར་བརྟེན་ལྗོངས་ཡོངས་སུ“ཉེ་འགྲམ་དུ་ཀུན་སྤྱོད་དཔེ་བཟང་བ་ཡོད”ཅེས་པའི་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་དོན་སྙིང་ཆེན་པོ་ལྡན་ཡོད། བྱེད་སྒོ་དེ་ཐོག་ནས་དངོས་པོའི་འབྱོར་ཕྱུག་དང་བསམ་པ་ཕུན་སུམ་ཚོགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་མི་རྣམས་ཀྱི་འདོད་བློ་དང་དོན་གཉེར་གང་ལེགས་མཚོན་ཡོད། མི་ཚང་མས“ཉེ་འགྲམ་གྱི་མི་བཟང”དྲིལ་བསྒྲགས་དང་། སློབ་སྦྱོང་། བརྩོན་ལེན་བཅས་བྱེད་སྐབས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ནས་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དྲང་ནུས་ཆེན་པོ་ཆགས་ཡོད།

    འབྱུང་འགྱུར་ང་ཚོས“ཉེ་འགྲམ་གྱི་མི་བཟང”དང“མི་སྣ་ཡག་ཤོས”དེ་བས་མང་བ་ཐོན་པའི་རེ་སྒུག་བྱེད་ལ། “ཉེ་འགྲམ་གྱི་མི་བཟང”གིས་སེམས་འགུལ་ཐེབས་པའི་མི་རེ་རེ་བཞིན་དེ་བས་རེ་སྒུག་བྱེད་ཅིང་། ཉེ་འགྲམ་གྱི་བྱ་བ་ཆུང་གྲས་ནས་འགོ་བཙུགས་ཏེ་དྲོ་སྐྱིད་དང་སེམས་བཟང་རེ་རེ་བཞིན་གཅིག་ཏུ་འདུས་ཏེ་རང་ཉིད་ལུས་ཐོག་གི“ལེགས་པོ”མངོན་པར་བྱས་ཏེ་དཀྱུས་མའི་ཁྲོད་ཀྱི་རླབས་ཆེན་བཏོད་དེ་ང་ཚོའི་མཐའ་འཁོར་དྲོ་སྐྱིད་དང་བཀྲག་མདངས་ལྡན་ལ་བརྩེ་སེམས་ཀྱིས་ཕྱུག་པ་ཞིག་ཏུ་འགྱུར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།