དབུ་ཤོག>གསར་འགྱུར།
  • པེ་ཅིང་ནས་ཉིང་ཁྲི་བར་གྱི་ཐད་གཏོང་མཁའ་ལམ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-17

    ཟླ་7ཚེས་16ཉིན་གྱི་ཆུ་ཚོད་10དང་སྐར་མ་52ཐོག་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་གནམ་གྲུ་A319ཉིང་ཁྲི་སྨན་གླིང་གནམ་ཐང་དུ་བརྟན་པོའི་ངང་བབས་པ་དེ་ཐོག་ནས་པེ་ཅིང་ནས་ཉིང་ཁྲི་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད། 

    པེ་ཅིང་ནས་ཉིང་ཁྲི་བར་གྱི་མཁའ་ལམ་ཉིན་ལྟར་འགྲོ་འོང་ཐེངས་གཅིག་བྱེད་པ་དང་རྒྱལ་སའི་གནམ་ཐང་ནས་ཞོགས་པའི་ཆུ་ཚོད་6དང་སྐར་མ་20ཡི་ཐོག་འཕུར་བ་དང་ཆུ་ཚོད་10དང་སྐར་མ་25ཡི་ཐོག་ཉིང་ཁྲི་གནམ་ཐང་དུ་སླེབས་ཀྱི་ཡོད། ཉིང་ཁྲི་སྨན་གླིང་གནམ་ཐང་ནས་ཞོགས་པའི་ཆུ་ཚོད་9དང་སྐར་མ་15ཡི་ཐོག་འཕུར་བ་དང་ཕྱི་དྲོའི་ཆུ་ཚོད་13དང་སྐར་མ་15ཡི་ཐོག་རྒྱལ་ས་པེ་ཅིང་དུ་སླེབས་ཀྱི་ཡོད། མཁའ་ལམ་དེའི་འཕུར་སྐྱོད་རྐྱང་མའི་དུས་ཡུན་ཆུ་ཚོད་4ཟིན་ནས་པེ་ཅིང་ནས་ཉིང་ཁྲིར་བསྐྱོད་སྐབས་ཁྲེང་ཏུའུ་བརྒྱུད་དགོས་པའི་ལོ་རྒྱུས་མཇུག་འགྲིལ་ཐོག་ས་ཆ་དེ་གཉིས་ཀྱི་འགྲུལ་པའི་ལམ་ཐག་ཆུ་ཚོད་2ཐུང་དུ་ཕྱིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།