དབུ་ཤོག>གསར་འགྱུར།
  • “བོད་ནས་ཨང་2000”གིས་ཞིང་པར་ཐོན་འཕར་འབབ་འཕར་ཡོང་བ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-17

    ནས་སོན་གསར་པ“བོད་ནས་ཨང་2000”དཔེ་སྟོན་ཁྱབ་གདལ་བཏང་ཚུན་དུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། མིག་སྔར་རང་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)ལྔ་དང་རྫོང(གྲོང་ཁྱེར)40རུ“བོད་ནས་ཨང་2000”ཡི་དཔེ་སྟོན་ཁྱབ་གདལ་ལྟེ་བའི་ས་ཁུལ་1དང་། དཔེ་སྟོན་ཁུལ་4 སོན་བཟང་གསོ་སྤེལ་རྟེན་གཞི་4བཅས་བཙུགས་ཡོད་པས་དཔེ་སྟོན་ཁྱབ་གདལ་རྒྱ་ཁྱོན་མུའུ་ཁྲི་43.7ཟིན་ནས་ལྗོངས་ཡོངས་ཀྱི་ནས་འདེབས་ཁྱོན་གྱི་25.71%བཟུང་ཡོད་པ་དང་། མུའུ་རེ་ལས་ཆ་སྙོམས་སྤྱི་རྒྱ་25འཕར་ཏེ་ཁྱོན་ནས་སྤྱི་རྒྱ་ཁྲི་1108འཕར་བར་ཡོང་འབབ་ཁེ་གཙང་སྒོར་ཁྲི་5000ཙམ་བྱུང་ནས་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་98.5འགག་སྒོ་ལས་བརྒལ་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད།

    “བོད་ནས་ཨང་2000”དཔེ་སྟོན་ཁྱབ་གདལ་གཏོང་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་འབྲུ་རིགས་ཐོན་འབབ་བརྟན་འཕར་བྱ་སྤྱོད་འཆར་གཞི་ལག་བསྟར་དང་འབྲུ་རིགས་ཐོན་འབབ་བརྟན་འཕར་དམིགས་ཚད་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་རང་ལྗོངས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི་པ་སྣམ་རྫོང་དང་རྒྱལ་རྩེ་རྫོང་དང་། ལྷོ་ཁ་ས་ཁུལ་གྱི་སྣེ་གདོང་རྫོང་། ཆབ་མདོ་གྲོང་ཁྱེར་གྱི་ཆབ་མདོ་རྫོང་དང་ལྷོ་རོང་རྫོང་བཅས་སུ“བོད་ནས་ཨང་2000”ཡི་སོན་ཞིང་མུའུ་ཁྲི་4.5ཐོག་སོན་བཟང་སྤྱི་རྒྱ་ཁྲི་1350གསོ་སྤེལ་དང་ལས་སྣོན་བྱས་ནས་2015ལོའི“བོད་ནས་ཨང་2000”དཔེ་སྟོན་ཁྱབ་གདལ་མུའུ་ཁྲི་80ཡི་ཐོན་སྐྱེད་སྤྱོད་སོན་འགན་ལེན་བྱས་པ་རེད།

    དེ་དང་ཆབས་ཅིག་ལས་དོན་དེ་ཡག་པོ་སྒྲུབ་ཆེད་ཞིང་འབྲོག་པའི་གསོ་སྦྱོང་ལས་དོན་ཡང་ནུས་ལྡན་སྤེལ་ཡོད། རང་ལྗོངས་ཀྱིས་གཞིས་རྩེ་དང་། ཆབ་མདོ། ལྷོ་ཁ་སོགས་ས་ཁུལ(གྲོང་ཁྱེར)གྱི་རྫོང(གྲོང་ཁྱེར)40རུ་ཞིང་འབྲོག་པའི་ཚན་རྩལ་གསོ་སྦྱོང་སྐབས་11དང་ཐེངས་86སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་སྤེལ་བར་རིམ་རྩིས་བྱས་ན་ཞིང་འབྲོག་པ་དང་། ཤང་དང་གྲོང་ཚོའི་ལས་བྱེད་པ། ལག་རྩལ་མི་སྣ་བཅས་མི(ཐེངས)29101གསོ་སྦྱོང་དང་ལག་རྩལ་རྐང་འཛིན་པ་265གསོ་སྐྱོང་བྱས་པ་དང་། ཉེར་མཁོའི་ལག་རྩལ་ལག་དེབ་23500སྤྲད་པ། “བོད་ནས་ཨང་2000”དཔེ་སྟོན་ཁྱབ་གདལ་ལས་དོན་སྐོར་གྱི་གནས་ཚུལ་གནད་ཞུ་ཁག་5རྩོམ་སྒྲིག་བཅས་བྱས་ནས་ཞིང་འབྲོག་པས“བོད་ནས་ཨང་2000”འདེབས་པའི་ལག་རྩལ་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་སྟེ“བོད་ནས་ཨང་2000”ལྗོངས་ཡོངས་སུ་ཚན་རིག་དང་མཐུན་པའི་ངང་འདེབས་རྒྱུར་ལག་རྩལ་ཤེས་ལྡན་པ་དང་རྩལ་ནུས་མཐོ་བའི་ངལ་རྩོལ་པ་གསོ་སྐྱོང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།