དབུ་ཤོག
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-17

    རྒྱ་རྩིས་སྟོན་འབྲིང་ཆུ་མོ་བྱ་ཟླ་ཆུང་བ། ཚེས་5སྟག་གི་ལྔ་ཆ་ལྔ་ནས་རང་ཟླའི་དབུགས་ཐོབ། ཚད་པ་ཆེ་བའི་སྒང་། གངས་སྲུས་འོང་། ཤིང་ཏོག་འགོ་མ་སྨིན། ཆར་སྟོབས་འཕེལ། ཡང་ཀླུང་གཙང་པོ་སོགས་སྐྱེ་ཆུ་རྒྱས་པའི་དུས་འགོ་ཟིན། ཆུ་ལོག་ལ་ཡིད་གཟབ་བྱེད་པ་དང་། ཡུལ་ཐབས་ལ་བརྟེན་ནས་སད་སེར་སྔོན་འགོག་གིས་བརྔ་བསྡུའི་གྲ་སྒྲིག་ལས་ཀ་གཟབ་ནན་བྱ་དགོས། ཚེས་13འབྲུག་གི་ལྔ་ཆ་གཅིག་ནས་ནམ་མཁའི་ནོར་བུ་འཕར་འགྲོའི་ཁྱིམ་དུ་འབྱོར། ཟླ་བདག་འཇམ། རང་ཟླའི་ཚེས་13ནས་ཕྱི་ཟླའི་ཚེས་13བར་བུམ་སྟོང་བྱང། ཚེས་22སྦྲུལ་གྱི་ལྔ་ཆ་གསུམ་ནས་དབྱར་ཐ་མའི་རང་སྒང་ཟིན། ཆར་ཆེན་འབེབས། ཆུ་བོ་གཞུང་རྒྱས། མུ་མཐུད་ནས་ཆུ་ལོག་སྔོན་འགོག་དང་སད་སེར་འགོག་པའི་བྱ་ཐབས་ལ་འབད་དགོས། དབུས་གཙང་སོགས་ཞིང་གྲོང་མང་ཆེ་བར་འོང་སྐོར་དབྱར་སྐྱིད་གཏོང་དུས་ཟིན། བྱ་རྒྱལ་མོན་དུ་ལོག བོད་ན་དགུན་གྲོ་སྨིན་པའི་དུས་འགོ་ཚུགས། ཚེས་17རྟའི་ལྔ་ཆ་གསུམ་ནས་ཚེས་18སྦྲུལ་གྱི་ལྔ་ཆ་གཅིག་བར་ཉི་མ་ནག ལྔ་དགུ་བྱང་། ཟིན་ཕུང་བྱང་ནས་ལྷོར་ཉི་ཤར་རྒྱུ། ལུག་རྫོགས་ནས་ལྡོག ཧལ་ཁྱི་ཤར་སྟོད། ནུབ་བྱང་མཚམས་སུ་དུར་མི་འདྲེན། འབྲུག་རྗེ་ཁྱམས་དང་འགྲམ་འོག་ལ་གནས། ཡས་ལམ་ནུབ། ཕུག་ལུགས་གྲུབ་པའི་ཚེས་20ཆད། ལྷག་མེད། དཔལ་ལྡན་བྱེད་པའི་ཚེས་7ལྷག ཚེས་16ཆད། 

    སྤྱི་ལ་ཟླ་འདིར་འབྱུང་བ་མེ་ཆུ་རླུང་གསུམ་ལ་སྤྱོད་ཆེ་བས་ཡུལ་སྤྱིར་ཆར་ཆུའི་འབབ་ཚད་འབྲིང་། བྱེ་བྲག་ཚེས་6ནས་མིག་དམར་དང་ལྷག་པ་མྱུར་འགྲོས་ཆེ་ཞིང་། ཟླ་སྟོད་དུ་སངས་ཕུར་ཁྱིམ་གཅིག་གནས་པ་དང་། ཟླ་སྨད་ནས་པ་སངས་སྐག་སྟེང་ཕྱིར་ལོག་པས་ཤར་དང་། ཤར་ལྷོ། ལྷོ་ནུབ། ནུབ་བྱང་རྒྱུད་བཅས་ལ་ཆར་རླུང་འཚུབ་ཅིང་ཐོག་སེར་རྒོད་པའི་ངོ་།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།