གང་ཞིག་ལ་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཟེར་རམ།
དྲིས་ལན། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ནི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དེ་རིམ་བཞིན་དོ་སྙོམས་ཅན་དུ་སྐུལ་འདེད་གཏོང་བའི་གལ་ཆེའི་ནང་དོན་ཞིག་དང་། སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་གཏིང་གཟབ་ཏུ་གཏོང་བའི་གལ་ཆེའི་ལས་དོན་ཞིག་རེད། རང་རྒྱལ་སྲིད་གཞུང་གིས་མིག་སྔའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ལྷག་པའི་གཙོ་གནད་བདེ་ཐང་གི་གནད་དོན་ལ་དམིགས་ཏེ་བྱིས་པ་དང་སྦྲུམ་མ། རྒན་རྒོན། དལ་བའི་རང་བཞིན་གྱི་ནད་རིགས་ཡོད་པའི་ནད་པ་རྣམས་གཙོ་གནད་མི་ཚོགས་སུ་བཟུང་ནས་ཡུལ་མི་ཁྱོན་ཡོངས་ལ་ཁ་ཕྱོགས་ཏེ་རིན་མེད་ངང་སྤེལ་བའི་ཆེས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཞིག་ཡིན་ཏེ། ཞབས་ཞུའི་རྣམ་གྲངས་སྤེལ་བར་མཁོ་བའི་མ་དངུལ་འགན་འཁྲི་གཙོ་བོ་སྲིད་གཞུང་གིས་འཁུར་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཐད་ཀའི་ཕན་པ་ཐོན་རྒྱུ་རེད།