དབུ་ཤོག>གསར་འགྱུར།
  • ལོ་སྟོད་དུ་བོད་ལྗོངས་ཀྱི་ཚྭ་ལས་འཁོར་སྐྱོད་ལེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-16

    གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་གསལ། ཟླ་1ནས་6བར་ལྗོངས་ཡོངས་སུ་ཚྭ་སྤུས་དག་ཏུན་2590ཕྱིར་ཚོང་བྱས་པ་དང་། ཞིང་འབྲོག་པར་ཏེན་ཚྭ་ཏུན་6037སྡེབ་སྐྱེལ་བྱས་ཏེ་ལོ་འཁོར་འཆར་གཞིའི་43%ལེགས་གྲུབ་ཟིན་པ་རེད། མིག་སྔར་རང་ལྗོངས་ཀྱི་ཟ་ཚྭའི་ཁྲོམ་ར་མཁོ་འདོན་འདང་ངེས་ཡོད་པ་དང་། རིན་གོང་བརྟན་པ། རང་སྐྱོང་ལྗོངས་ཚྭ་ལས་སྤྱི་ཁྱབ་ཀུང་སིའི་ཕྱིར་ཚོང་ཐབས་ལམ་ལེགས་པ། ཐོན་སྐྱེད་ཀྱི་གོ་རིམ་རྒྱུན་ལྡན་ལྟར་ཡིན་པ། ཞིང་འབྲོག་པར་ཏེན་ཚྭ་སྡེབ་སྐྱེལ་བྱེད་ཚད་ལོ་འཁོར་གྱི་འཆར་གཞི་ལྟར་བརྟན་པ་བཅས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་སུ་ཞིང་འབྲོག་པར་ཏེན་ཚྭ་ཏུན་6037སྡེབ་སྐྱེལ་བྱས་པའི་ཁྲོད་ལྷ་སར་ཏུན་1398སྡེབ་སྐྱེལ་བྱས་ནས་ལོ་འཁོར་ལས་འགན་གྱི་82%ལེགས་གྲུབ་ཟིན་པ་དང་། གཞིས་རྩེར་ཏུན་1932སྡེབ་སྐྱེལ་བྱས་ནས་ལོ་འཁོར་ལས་འགན་གྱི་52%ཟིན་པ། ལྷོ་ཁར་ཏུན་884སྡེབ་སྐྱེལ་བྱས་ནས་ལོ་འཁོར་ལས་འགན་གྱི་49%ལེགས་གྲུབ་ཟིན་པ། ཉིང་ཁྲིར་ཏུན་272སྡེབ་སྐྱེལ་བྱས་ནས་ལོ་འཁོར་ལས་འགན་གྱི་35%ལེགས་གྲུབ་ཟིན་པ། ནག་ཆུར་ཏུན་679སྡེབ་སྐྱེལ་བྱས་ནས་ལོ་འཁོར་ལས་འགན་གྱི་35%ལེགས་གྲུབ་ཟིན་པ། མངའ་རིས་ལ་ཏུན་218སྡེབ་སྐྱེལ་བྱས་ནས་ལོ་འཁོར་ལས་འགན་གྱི་47%ཟིན་པ། ཆབ་མདོར་ཏུན་654སྡེབ་སྐྱེལ་བྱས་ནས་ལོ་འཁོར་ལས་འགན་གྱི་18%ལེགས་གྲུབ་ཟིན་པ་བཅས་རེད། ལོ་སྟོད་དུ་གྲོང་ཁྱེར་དང་གྲོང་རྡལ་དུ་ཚྭ་སྤུས་དག་ཕྱིར་ཚོང་བྱས་པ་རིམ་རྩིས་ལྟར་ན་ཏུན་2590ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།