རང་ལྗོངས་ཀྱི་2015ལོའི་ལྗོངས་ནང་ཁུལ་གྱི་སློབ་ཁུངས་ཀྱི་ནང་སའི་བོད་ལྗོངས་མཐོ་རིམ་སློབ་འབྲིང་གི་འཛིན་གྲྭར་རྒྱུགས་ཐོ་འགོད་པའི་ཆབ་སྲིད་ཞིབ་བཤེར་དང་གཟུགས་པོ་བརྟག་དཔྱད་ཀྱི་སྐར་གྲངས་ཚད་གཞི་འདོན་འདུག ལྗོངས་ནང་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་སློབ་ཁུངས་སྐར་གྲངས་ཚད་གཞི་523དང་ལྗོངས་ནང་ཁུལ་གྱི་བོད་སྐྱོད་ལས་བྱེད་ལས་བཟོའི་བུ་ཕྲུག་གི་སྐར་གྲངས་ཚད་གཞི་559རེད་འདུག
ལྗོངས་ནང་ཁུལ་གྱི་སློབ་ཁུངས་ཀྱི་ནང་སའི་བོད་ལྗོངས་མཐོ་རིམ་སློབ་འབྲིང་གི་འཛིན་གྲྭར་རྒྱུགས་ཐོ་འགོད་པའི་ཆབ་སྲིད་ཞིབ་བཤེར་དང་གཟུགས་པོ་བརྟག་དཔྱད་ཀྱི་སྐར་གྲངས་ཚད་གཞིའི་ནང་ལྗོངས་ནང་ཁུལ་གྱི་སྲིད་ཇུས་ཀྱི་སྐར་མ་སྣོན་རྒྱུ་ཚུད་མེད་པ་དང་། འཛིན་གྲྭར་བར་བཅུག་གི་མཐོ་རིམ་སློབ་འབྲིང་དང་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་བསྡུ་ལེན་སྐར་གྲངས་ཚད་གཞི་དམའ་ཤོས་དེ་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་བསྡུ་གཞུང་དོན་ཁང་གི་སྤྱི་བསྒྲགས་ལ་གཞི་འཛིན་དགོས།
2015ལོའི་ནང་སའི་བོད་ལྗོངས་མཐོ་རིམ་སློབ་འབྲིང་འཛིན་གྲྭའི་བོད་ནང་ཁུལ་གྱི་ལོ་དེ་གའི་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མའི་སློབ་བསྡུའི་འཆར་གཞི་དེ་2014ལོའི་མི་གྲངས་1400ཡི་རྨང་གཞིའི་ཐོག་མི་150མང་དུ་བཏང་ནས་ཁྱོན་མི་གྲངས་1550ཟིན་ཡོད། 《2015ལོའི་ནང་སའི་མཐོ་རིམ་སློབ་འབྲིང་གི་བོད་ལྗོངས་འཛིན་གྲྭའི་སློབ་བསྡུའི་འཆར་འགོད་སྐོར་གྱི་སློབ་གསོ་པུའུ་གཞུང་དོན་ཁང་གི་བརྡ་ཐོ》གཞིར་བཟུང་སློབ་ཁུངས་མངའ་རིས་དང་ནག་ཆུ་ཡིན་ཕྱིན་འོས་འཚམ་ངང་ལྟ་རྟོག་བྱ་རྒྱུ་རེད།