དབུ་ཤོག>གསར་འགྱུར།
  • དུས་བསྟུན་འཕེལ་རྒྱས་ཀྱི་རྣམ་པའི་ཐོག་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལི་ཝུན་ཅན་གྱིས།   |     སྤེལ་དུས།  2015-07-15

    དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་ལ་ལམ་སྲིད་དོ་དམ་བྱེད་ཤུགས་ཀྱང་ཆེ་རུ་འགྲོ་བཞིན་ཡོད། གྲོང་གསེབ་ཀྱི་གཞུང་ལམ་འཕེལ་རྒྱས་མྱུར་པོ་སོང་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་དང་། སྟབས་བདེ། མགྱོགས་མྱུར་བཅས་ཀྱི་དགོས་མཁོ་བསྐངས་ལ་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཀྱང་ཐེབས་ཡོད། དུས་མཚུངས་སུ་གྲོང་གསེབ་ཀྱི་གཞུང་ལམ་ལམ་སྲིད་དོ་དམ་ལས་དོན་སྤེལ་ནས་གཞུང་ལམ་བདེ་འཇགས་དང་ཤར་བགྲོད་འགན་ལེན་བྱ་རྒྱུ་དེ་སྤྱི་ཚོགས་ཀྱིས་གླེང་མང་བའི་གནད་དོན་ཞིག་ཏུ་གྱུར་ཡོད།

    གཅིག་ནས་ལས་སྒོའི་ཤེས་བྱའི་གསོ་སྦྱོང་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་སྟེ་ལམ་སྲིད་ཁྲིམས་འཛིན་མི་སྣའི་ཚན་རིག་རིག་གནས་ཆུ་ཚད་མཐོ་རུ་གཏོང་དགོས། རང་རྒྱལ་དུ་གྲོང་གསེབ་གཞུང་ལམ་དོ་དམ་ཐད་དོ་དམ་དཀའ་བའི་གནས་ཚུལ་མི་ཉུང་བ་ཞིག་ལྷག་ཡོད། གང་ལགས་ཤེ་ན། ལམ་སྲིད་ཁྲིམས་འཛིན་མི་སྣས་སྦྱངས་པའི་ཆེད་ལས་དང་ལས་ཀ་དངོས་གཉིས་མ་མཐུན་པས་རེད་ལ། གཞུང་ལམ་དོ་དམ་ཐད་ཀྱི་ཤེས་རྒྱ་ཆུང་བས་རེད། དེས་ན་དོན་དངོས་དང་ཟུང་འབྲེལ་གྱིས་ལས་སྒོའི་ཤེས་བྱ་གསོ་སྦྱོང་དང་ལས་གནས་གསོ་སྦྱོང་ལ་སོགས་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ལམ་སྲིད་ཁྲིམས་འཛིན་མི་སྣའི་གཞུང་ལམ་དོ་དམ་ཤེས་རྒྱ་ཆེ་རུ་གཏོང་བ་དང་། བཅའ་ཁྲིམས་ལ་བརྟེན་ནས་མང་ཚོགས་ལ་ཁེ་ཕན་དང་ཁེ་དབང་སྲུང་སྐྱོང་བྱེད་རོགས་བྱེད་ཤེས་པ་བྱས་ཏེ་གཞུང་ལམ་ཁྲིམས་འཛིན་གྱི་ཕན་འབྲས་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་དགོས།

    གཉིས་ནས་གཞུང་ལམ་ཇུས་འགོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ནི་གཞུང་ལམ་འཛུགས་སྐྲུན་གྱི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པས། ལས་གྲྭའི་སྤུས་ཚད་འགན་ལེན་ཏན་ཏིག་བྱེད་དགོས། དང་ཐོག་ཇུས་འགོད་སྤུས་ཚད་འགན་ལེན་བྱེད་དགོས་ཤིང་། འོས་སྐུལ་འོད་དཔོད་ཀྱི་འགག་སྒོ་ལེགས་པར་སྲུང་དགོས། ལས་་འགོ་ནས་སྤུས་ཚད་དོ་དམ་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་བྱས་རྗེས་མངོན་གསལ་དོད་པ་དང་མཚན་སྙན་གྲགས་ཆེ་བའི་གཞུང་ལམ་འཛུགས་སྐྲུན་ཁེ་ལས་སྔོན་ལ་འདེམས་སྤྱོད་བྱས་ནས་གཞུང་ལམ་འཛུགས་སྐྲུན་ནང་མངགས་གཏོང་བྱ་རྒྱུ་ནི་སྤུས་ཚད་དོ་དམ་ལས་དོན་ཡག་པོ་སྤེལ་བའི་འགག་རྩའི་ལྷུ་ཚིགས་ཤིག་རེད།

    གསུམ་ནས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱེད་དགོས། ལས་དོན་དངོས་ནང་འབྲེལ་ཡོད་བྱེད་སྟངས་དང་བྱ་ཐབས་སྲོལ་རྒྱུན་གྱི་དྲིལ་བསྒྲགས་བྱེད་སྟངས་དང་ཟུང་འབྲེལ་བྱས་ཏེ། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་གསོ་སྦྱོང་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་རྣམ་པ་སྤྱོད་པ་དང་ཆབས་ཅིག ཁྲིམས་འཛིན་གྱོད་དཔེ་དཔེ་མཚོན་དུ་བྱས་ནས་དྲིལ་བསྒྲགས་བྱས་པར་ཕན་འབྲས་ཡག་པོ་ཐོན་པར་བྱེད་དགོས། ཐབས་ལམ་མང་བ་དང་ཁ་ཕྱོགས་མང་བའི་དྲིལ་བསྒྲགས་བྱེད་སྟངས་སྤྱད་དེ་མང་ཚོགས་ཁྲོད་ཀྱི་ལམ་སྲིད་ཁྲིམས་འཛིན་པའི་ཤུགས་རྐྱེན་ཆེ་རུ་གཏོང་བ་དང་། སྨྱན་སྦྱོར་གྱི་ལེགས་ཆ་སོགས་ལ་བརྟེན་ནས་ལམ་སྲིད་ཁྲིམས་འཛིན་གྱི་སྐད་གྲགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་རྒྱ་ཁྱབ་བྱེད་ཐུབ་པ་དང་མི་སེམས་སུ་ཟུག་ཐུབ་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།