དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཞིང་འབྲོག་པས་དངུལ་རྩའི་ཞབས་ཞུ་སྤྱད་དེ་ཁྱིམ་དར་ཕྱུག་འགྱུར་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-07-15

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ལི་ཝང་མདོག་གི་ཟོག་འདྲེན་རླངས་འཁོར་20ལྷག་ཙམ་དང་རྐོ་འདྲུའི་འཁོར་ལོ་ཁ་ཤས་གྱིས་གྲོང་ཚོའི་ལམ་གཡས་གཡོན་ཚང་མ་བཟུང་ཡོད། ཉིན་དེར་ཕྱིར་ལས་ཀར་ཕྱིན་མེད་པའི་གྲོང་མིས་རང་གི་དགའ་བའི་རླངས་འཁོར་ལ་ཕྱི་བདར་རྒྱག་བཞིན་ཡོད་པ་དེ་ནི་ཉེ་ཆར་གསར་འགོད་པར་བོད་ལྗོངས་གོང་དཀར་རྫོང་ལུང་པ་གྲོང་ཚོར་བཅའ་སྡོད་བྱེད་སྐབས་མཐོང་བའི་སྣང་ཚུལ་ལགས།

    གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་རྡལ་ལུང་པ་གྲོང་ཚོ(འོ་ལ་གྲོང་ལྷན་གྱི་ཚོགས་ཆུང10)ནི་2001ལོར་ཡར་ཀླུང་གཙང་པོའི་བྱང་རྒྱུད་ནས་ད་ལྟའི་རྫོང་གྲོང་དང་བར་ཐག་སྤྱི་ལེ་13གྱི་སར་གནས་སྤོས་བྱས་པ་དང་གྲོང་ཚོ་དེར་ཁྱོན་དུད་ཚང་42དང་མི་252ཡོད། གསར་འགོད་པས་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། འདི་གའི་གྲོང་མིས་དངུལ་བུན་སྤྱད་དེ་སྒྲིག་ཆས་ཉོས་ནས་སྐྱེལ་འདྲེན་བྱེད་པ་དང་བྱེ་རྡོ་ར་བ་འཛུགས་པ་སོགས་ལས་གཏོད་ཀྱི་བྱེད་ཐབས་བརྒྱུད་ཕུན་སུམ་ཚོགས་པའི་འཚོ་བ་གསར་པ་སྐྱེལ་བཞིན་འདུག

    ལོ་47ལ་སླེབས་པའི་དགེ་སློང་ནི་གྲོང་ཚོའི་ནང་དངུལ་བུན་གཡར་ནས་རླངས་འཁོར་ཉོས་ཏེ་རྣམ་གྲངས་གཉེར་མཁན་དང་པོ་དེ་རེད། 2009ལོར་ཁོང་གིས་ཞིང་དུད་མཉམ་འབྲེལ་འགན་ལེན་གྱི་བྱེད་ཐབས་བརྒྱུད་ཐོན་སྐྱེད་གཉེར་སྐྱོང་དངུལ་བུན་སྒོར་ཁྲི་32བླངས་ནས་ཟོག་འདྲེན་རླངས་འཁོར་1ཉོས། ལོ་ཁ་ཤས་འབད་བརྩོན་བྱས་པ་བརྒྱུད་དེ་སྔའི་དབུལ་ཕོངས་ཉམ་ཐག་ནས་མིག་སྔའི་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་188བར་འཕེལ་རྒྱས་བྱུང་ནས་རླངས་འཁོར་3ཉོས་ཡོད།

    “དེ་སྔ་གྲོང་ཚོ་གཞན་དག་གི་གྲོགས་པོ་སྐྱེལ་འདྲེན་གྱི་ལས་ལ་ཞུགས་ནས་མགྱོགས་པོ་ཕྱུག་པོ་ཆགས་པའི་སྐབས་སུ་ངས་ཀྱང་ང་ཚོའི་གྲོང་ཚོའི་ཉེ་འཁོར་དུ་འཛུགས་སྐྲུན་རྣམ་གྲངས་མང་པོ་ཡོད་པ་མཐོང་ནས་དངུལ་བུན་གཡར་ཏེ་རླངས་འཁོར་ཉོས་པ་ཡིན། ལོ་དང་པོར་སྒོར་ཁྲི་29བྱུང་། ཉེ་བའི་ལོ་གཉིས་ནང་ལོ་རེར་ཡོང་འབབ་སྒོར་ཁྲི་40ཡོང་གི་འདུག”ཅེས་དགེ་སློང་གིས་བཤད།

    གསར་འགོད་པས་གྲོང་མི་མང་པོ་ཞིག་ལ་བཅར་འདྲི་བྱས་པ་ལས་ཤེས་རྟོགས་བྱུང་བར། དགེ་སློང་གི་བྱ་སྤྱོད་དེས་གྲོང་ཚོའི་མི་ཚང་མས་དངུལ་བུན་གཡར་ཏེ་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་ལས་སྒོར་ཞུགས་རྒྱུར་སྣེ་ཁྲིད་ཐུབ་ཡོད། ན་ནིང་ལོ་མཇུག་བར་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་120ཟིན་པ་དང་མི་རེའི་ཁེ་གཙང་ཡོང་འབབ་སྒོར་ཁྲི་2ཟིན་ཡོད། གཞན་ཡང་ད་དུང་མཉམ་འབྲེལ་ཐོག་མ་དངུལ་བསྡུས་ནས་རྡོ་ཆས་ར་བ་ཆུང་གྲས་གཉེར་འདུག

    བོད་ཀྱི་ཞིང་འབྲོག་དུད་ཚང་ལ་དངུལ་བུན་གཏོང་བ་དེས་རྣམ་གྲངས་འཛུགས་སྐྲུན་ཁུལ་གྱི་གྲོང་གསེབ་ལ་ཕན་པ་ཐོབ་པ་མ་ཟད། ས་བབ་མཐོ་བ་དང་འབྲོག་ཁུལ་མང་ཚོགས་ཀྱིས་ཀྱང་དངུལ་བུན་གཡར་ནས་ར་ཐུག་དང་ཁྱུ་གཡག་ཉོས་ནས་གསོ་ཚགས་བྱས་སྟབས་ཡོང་འབབ་ལོ་རེ་བཞིན་མཐོ་རུ་སོང་ནས་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    ལོ་60ལ་སླེབས་པའི་སྐལ་བཟང་དབང་ཕྱུག་གིས་ས་བབ་སྨི་5373ཡོད་པའི་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དུ་ཚེ་གང་འཚོ་བ་བསྐྱལ་བ་དང་། 2008ལོར་ཤང་ལས་བྱེད་པའི་རོགས་རམ་འོག་ཁོང་གི་དངུལ་བུན་སྒོར་ཁྲི་2གཡར་ཏེ་ལུག་ཐུག་45ཉོས། ཁོང་གིས“2008གོང་དུ་ངའི་ཁྱིམ་དུ་ལུག་བརྒྱ་ལྷག་ཙམ་ལས་མེད་པ་དང་ད་ལྟ་317བར་འཕར་ཡོད”ང་ཚོ་མི་ཚེ་ནས་མི་ཚེ་བར་ལུག་ལ་བརྟེན་ནས་འཚོ་བ་སྐྱེལ་བ་དང་ཁྱིམ་དུ་འཛིན་ཆས་གཞན་དག་ཉོ་བའི་དངུལ་ལྷག་འཕྲོ་མེད། ད་ཕན་ལོ་ལྔའི་རིང་ལུག་མང་དུ་སོང་བ་དང་ལོ་ལྟར་སྒོར་ཁྲི་1ལྷག་ཙམ་བསགས་ཐུབ་པར་བརྟེན་ཁྱིམ་དུ་འཁྱག་སྒམ་དང་། འཁྲུད་འཁོར། གློག་སྒུལ་ཇ་དོང་སོགས་ཉོས་པ་ཡིན་ཞེས་བཤད།

    མཚོ་འགོ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀུན་བཟང་རྡོ་རྗེས་གསར་འགོད་པར“ང་ཚོའི་འདི་གར་ས་བབ་མཐོ་བས་མང་ཚོགས་ཕྱི་འགྲོ་བྱེད་ཉུང་ཉུང་རེད། དེ་གོང་དངུལ་བུན་ལ་དེ་ཙམ་རྒྱུས་མངའ་མེད། 2008ལོར་རྫོང་སྲིད་གཞུང་དང་དངུལ་ཁང་གིས་མང་ཚོགས་ལ་དྲིལ་བསྒྲགས་བྱས་སྟབས་དེ་ནས་བཟུང་དངུལ་བུན་གཡར་མཁན་མང་དུ་ཕྱིན་སོང”ཞེས་བཤད།

    ཞིང་ལས་དངུལ་ཁང་བོད་རང་སྐྱོང་ལྗོངས་དངུལ་ཁང་གི་ཧང་ཀྲང་མིག་དམར་དབང་འདུས་ཀྱིས“2001ལོར་བོད་ཀྱིས་དངུལ་བུན་ལག་ཁྱེར་གཏོད་པ་དང་འབྲེལ། ཞིང་འབྲོག་ཁུལ་དུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་རེད། ཞིང་ལས་དངུལ་ཁང་གིས་ཞིང་འབྲོག་དུད་ཚང་གི་ཡིད་རྟོན་དངུལ་བུན་གྱི་རིམ་པ་ཕྱེ་ནས་ཕ་ལམ་དང་། གསེར། དངུལ། ཟངས་བཅས་བྱང་བུའི་དངུལ་བུན་ལག་ཁྱེར་བཀྲམ་པས་ཞིང་འབྲོག་མང་ཚོགས་དངུལ་བུན་གཡར་དཀའ་བའི་དཀའ་ངལ་ཐག་གཅོད་འོས་འཚམ་བྱུང་ཡོད། འདི་ལོའི་དུས་ཚིགས་དང་པོའི་བར‘བྱང་བུ་བཞིའི’དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་114.21ཟིན་ཡོད”ཅེས་བཤད་པ་རེད།

    ན་ནིང་ལོ་མཇུག་བར་བོད་ཀྱི་ཞིང་འབྲོག་དུད་ཚང་གི་འབོར་ཉུང་ཡིད་རྟོན་དངུལ་བུན་དེ་ལྷག་གྲངས་སྒོར་དུང་ཕྱུར་98.24ཟིན་པ་དང་དངུལ་རྩའི་སྒྲིག་གཞིའི་འབོར་ཉུང་ཡིད་རྟོན་དངུལ་བུན་བོད་ཀྱི་ཞིང་འབྲོག་མང་ཚོགས་དུད་ཚང་95%ཡན་ལ་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།