དབུ་ཤོག>གསར་འགྱུར།
  • བོད་ཀྱི་འགྱིག་སྲབ་ཉི་ནུས་གློག་འདོན་ས་ཚིགས་ཐོག་མ་དེས་མངའ་རིས་སུ་གྲུབ་འབྲས་ཐོབ་པའི་ངང་གློག་འདོན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-07-15

    རྒྱལ་སྤྱིའི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་བོད་ཀྱི་འགྱིག་སྲབ་ཉི་ནུས་གློག་འདོན་ས་ཚིགས་ཐོག་མའི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གངས་ཏི་སི་གསོ་རིག་སློབ་གླིང་དུ་འཚོགས་པ་རེད། སྐབས་འདིར་ལོ་20ཡི་སློབ་གཉེར་ལོ་རྒྱུས་ལྡན་པའི་གངས་ཏི་སི་གསོ་རིག་སློབ་གླིང་གི་གློག་དཀོན་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    1.jpg

    གློག་འདོན་ས་ཚིགས་དེར་གོ་ལ་ཧྲིལ་པོའི་ཆེས་སྔོན་ཐོན་གྱི་འགྱིག་སྲབ་ཉི་ནུས་ལག་རྩལ་སྤྱད་ཡོད། དེའི་ཐོན་སྐྱེད་བྱེད་རིམ་ནུས་ཁུངས་ཟད་གྲོན་དམའ་བ་དང་། བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་སྦགས་བཙོག་མེད་པ། ཁོར་ཡུག་ལ་གཏོར་སྐྱོན་མི་ཕོག་པ་བཅས་ལས་དམའ་གནོན་མཐོ་གྲང་ཁོར་ཡུག་འོག་འཁོར་སྐྱོད་བརྟན་པོ་ཡོད་པ་རེད།

    1436427167_DRpJTg.jpg

    ཧན་ཐོན་རྫས་གསར་སྤེལ་ཚོགས་པའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གློག་འདོན་ས་ཚིགས་དེའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་21.1ཟིན་པ་དེ་ནི་འགྱིག་སྲབ་ཉི་ནུས་བོད་དུ་སྤྱོད་ཐོག་མ་ཡིན་ལ་མིག་སྔར་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་འགྱིག་སྲབ་གློག་འདོན་ས་ཚིགས་ཤིག་ཀྱང་རེད། ཁྱོན་ཡོངས་ནས་བེད་སྤྱོད་གཏོང་འགོ་ཚུགས་རྗེས་གློག་ཁང་དེས་ཉིན་རེར་ཆ་སྙོམས་གློག་འདོན་ཚད་ཏུའུ་100 ཡས་མས་དང་། ལོར་གློག་འདོན་ཚད་ཏུའུ་ཁྲི་3ལྷག་ཙམ་ཟིན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།