དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱས་ནས་བྱ་གཞག་གཏོད་པའི་མ་གནས་དམའ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-15

    ན་ནིང་གི་ཟླ་བ་གསུམ་པ་ནས་བཟུང་དངུལ་རྩའི་སྒྲིག་གཞི་དང་དངུལ་འཛིན་ཀུང་སི་སོགས་ཀུང་སི་རིགས་27ཕུད་རང་ལྗོངས་ཀྱིས་ཀུང་སི་གཞན་དག་ལ་ཐོ་འགོད་མ་རྩ་འཇལ་སྤྲོད་ར་སྤྲོད་ལམ་ལུགས་ཐོ་འགོད་བྱས་ནས་ཐོ་འགོད་མ་རྩའི་ཐོ་འགོད་ཆ་རྐྱེན་ལྷུག་ཏུ་བཏང་བ་རེད། རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཀུང་སི་ཁག་གིས་བཟོ་ཚོང་ཐོ་འགོད་བྱེད་སྐབས་མ་རྩ་ར་སྤྲོད་སྙན་ཞུ་སྐྱེལ་མི་དགོས་པ་དང་མ་རྐང་འཇོག་མཁན་གྱི་ཐོག་མའི་མ་དངུལ་གཏོང་གྲངས་དང་། མ་དངུལ་གཏོང་བའི་དུས་བཀག དངུལ་ལོར་གཏོང་བའི་བསྡུར་གྲངས་བཅས་ལ་ཚོད་འཛིན་མེད་པར་སྒྲིག་སྲོལ་ནང་གསལ་བཤད་བྱས་ན་འགྲིག་གི་ཡོད། དེས་བྱ་གཞག་གཏོད་མཁན་གྱི་ཐོ་འགོད་མ་རྩའི་ཐད་ཀྱི་དཀའ་གནད་སེལ་བ་མ་ཟད། ཁྲོམ་རའི་གྲུབ་ཆ་གཙོ་བོ་གསར་པའི་བྱ་གཞག་གཏོད་པའི་མ་གནས་ཆེས་ཆེར་ཆུང་དུ་བཏང་ཡོད། སྒྱུར་བཅོས་མ་བྱས་གོང་དང་བསྡུར་ན་ན་ནིང་གི་ཟླ་བ་གསུམ་པ་ནས་བཟུང་མ་རྩ་ར་སྤྲོད་སྙན་ཞུ་དེ་ཁོ་ན་མེད་པ་བཟོས་པ་དེས་ཁེ་ལས་ལ་འགྲོ་གྲོན་སྒོར་ཁྲི་2336གྲོན་ཆུང་ཐུབ་ཡོད།


    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།