ཞོགས་པ་སྔ་པོ་ང་ཚོ་ཨ་མདོ་རྫོང་བཀྲ་ཆུ་ཤང་དུ་འབྱོར་སྐབས་ལོ་73ལ་སླེབས་པའི་ཨ་མ་བདེ་སྐྱིད་བུ་ཚེ་དབང་གི་རླངས་འཁོར་ལ་བསྡད་ནས་སྤྱི་ལེ་100ལྷག་ཙམ་གྱི་སར་ཡོད་པའི་གཉེན་ཉེ་ཐུག་པར་འགྲོ་མཁན་རེད་འདུག ང་ཚོ་ཡོང་དོན་ཤེས་རྗེས་ཨ་མ་ཁོང་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་ཁོང་གི་མྱོང་བ་བརྒྱུད་གཞོན་ནུ་དེ་བས་མང་པོ་ཞིག་ལ་བདེ་སྐྱིད་འཚོ་བ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས་གཅེས་འཛིན་ཡག་པོ་དང་དྲིན་ཚོར་ཤེས་པ་བྱེད་དགོས་ཞེས་ཤོད་རོགས་ཞེས་ཡང་ཡང་བརྗོད་བྱུང་།
ཨ་མ་བདེ་སྐྱིད་ཀྱིས་དྲན་གསོ་དང་བཅས“བོད་རྙིང་པའི་འཚོ་བ་ཧ་ཅང་སྐྱོ་པོ་ཡིན། ནང་མིར་ཟ་ཡས་དང་སྡོད་གནས་མེད་ལ། རང་ལུས་རང་དབང་ཡང་མེད། ད་དུང་མངའ་བདག་གི་གཤེ་གཤེ་དང་ཉེས་རྡུང་གཟེད་དགོས་ཀྱི་ཡོད། འཚོ་བ་འཁྱོལ་ཆེད། འུ་ཐུག་ནས་ནང་མི་ཚང་མ་ཕྱིར་སློང་མོ་བྱེད་པར་མི་འགྲོ་ཀ་མེད་བྱུང་། ངས་གཅུང་པོ་སྒལ་པར་འཁྱེར་ནས་ཨ་མ་དང་མཉམ་དུ་བཀྲ་ཆུ་ཤང་བརྒྱུད་རྐང་ཐང་མར་ལྷ་སར་སློང་མོ་བྱེད་པར་བསྐྱོད་པ་ཡིན། ང་ཚོ་ལྷ་སར་འབྱོར་སྐབས་ཟླ་བ་གཉིས་སོང་འདུག དཀའ་ལས་དེ་ལྟར་བརྒྱབ་ཀྱང་འཚོ་བ་ནི་སྔར་བཞིན་སྐྱོ་པོ་ཡིན”ཞེས་བརྗོད་བྱུང་།
ལྷ་སར་འབྱོར་སྐབས་བདེ་སྐྱིད་ཀྱི་ཨ་མས་ཞིང་བྲན་བདག་པོས་ཁྲིམས་ཆད་སྤྱད་དེ་ཞིང་བྲན་གྱི་རྐང་ལག་འབྲེག་པ་དང་མིག་རིལ་འདོན་པ་སོགས་ཀྱི་གདུག་རྩུབ་ཁྲིམས་གཅོད་བཏང་བ་མཐོང་སྐབས་ཞེད་ཐག་ཆོད་ནས་སྨྱོ་རྗེས་གྲོངས། སློང་མོ་བྱེད་སྐབས་ཞིང་བྲན་བདག་པོས་ཞིང་བྲན་རྟ་ཟོག་སེམས་ཅན་ལྟ་བུར་བརྩི་བ་དང་ཞིང་བྲན་གསུམ་རེ་ལྔ་རེས་དངོས་ཟོག་ལྡག་ལྡག་བླུགས་པའི་ཐོག་ཞིང་བྲན་བདག་པོ་གཉིས་གསུམ་བསྡད་པའི་ཐེར་ཀ་འཐེན་འགྲོ་བ་མཐོང་། ཞིང་བྲན་དེ་དག་གིས་རྐང་རྗེན་མར་རྡོ་ཧྲུག་གི་ལམ་ཐོག་བསྐྱོད་པས་རྐང་པར་ཆུ་ལྒང་ཤར་བ་དང་ནག་རིལ་རིལ་གྱི་རྐང་པ་ནས་ཁྲག་དོན་གྱི་ཡོད། བདེ་སྐྱིད་གཟུགས་པོ་སྐྱོ་བ་དང་ནད་མང་པོ་ཕོག་པའི་རྐྱེན་གྱིས་མ་གཏོགས་ཞིང་བྲན་བདག་པོས་བཟུང་ནས་འཁྲིད་ཚར་ཡོད།
དེ་མིན་གྱི་གསོན་ལམ་མེད་པས། ཨ་མ་བདེ་སྐྱིད་ཀྱིས་མུ་མཐུད་གཅུང་པོ་འཁྲིད་དེ་སློང་མོ་བྱེད་པར་བསྐྱོད།
བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་པའི་གཏམ་བཟང་ཐོས་རྗེས། ཨ་མ་བདེ་སྐྱིད་ཀྱིས་གཅུང་པོ་འཁྲིད་ནས་བཅིངས་འགྲོལ་དམག་དང་སྲིད་གཞུང་གི་རོགས་རམ་འོག་ཐེར་ཀར་བསྡད་པ་དང་རྐང་ཐང་མར་བསྐྱོད་པ་གང་རུང་བྱས་ཏེ་ཉིན་གསུམ་ནང་བཀྲ་ཆུ་ཤང་དུ་ཕྱིར་ལོག་བྱས་ཏེ་གཏན་འཇགས་ཀྱི་འཚོ་བ་བསྐྱལ།
འགྲིམ་འགྲུལ་གྱི་སྐོར་གླེང་སྐབས་ཨ་མ་བདེ་སྐྱིད་ཀྱིས་དྲན་གསོ་བྱེད་བཞིན་ལོ་རྒྱུས་དང་རང་བྱུང་ཁོར་ཡུག་གི་ཚོད་འཛིན་ཁྲོད་མཚོ་བོད་གཞུང་ལམ་བསྐྲུན་མོད། འོན་ཀྱང་ཤང་གྲོང་ཕྱོགས་སུ་བསྐྱོད་པར་གཙོ་བོ་རྟ་དྲེལ་ལ་བརྟེན་དགོས་ཀྱི་ཡོད། ཡི་གེ་དང་དེ་མིན་དངོས་པོ་བསྐུར་རྒྱུ་དེ་ཡང་རྟ་དྲེལ་ལ་བརྟེན་དགོས་པ་དང་ཁ་བ་བུ་ཡུག་གི་གནམ་གཤིས་བསྟན་སྐབས་ཉུང་མཐར་ཡང་གཟའ་འཁོར་གཅིག་ཙམ་འགོར་གྱི་ཡོད་ཅེས་བརྗོད་བྱུང་།
ཨ་མ་བདེ་སྐྱིད་ཀྱིས་མྱོང་ཚོར་ཟབ་མོས་དུས་ཐུང་ལོ་ལྔ་བཅུའི་ནང་ད་ཆ་ཨ་མདོ་རྫོང་དུ་གཞུང་ལམ་དང་ལྕགས་ལམ་ཡོད་ལ། ཤང་11ཚང་མར་གཞུང་ལམ་ཡོད། འཚོ་བ་ཡག་ཏུ་ཕྱིན་པར་བརྟེན་ཁྱིམ་ཚང་མང་ཆེ་བས་རླངས་འཁོར་ཉོས་པས་ཕྱིར་བསྐྱོད་རྒྱུར་སྟབས་བདེ་འདུག་ལ་ཐོན་སྐྱེད་འཕེལ་རྒྱས་གཏོང་རྒྱུར་ཡང་ཕན་ཐོགས་འདུག འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་གི་འདུག་ཅེས་བརྗོད་བྱུང་།
བོད་གསར་སྐོར་གླེང་སྐབས་ཨ་མར་བརྗོད་མི་ཚར་བའི་གཏམ་ཡོད་ཅིང་། ཁོང་གིས་ང་ཚོར“བོད་གསར་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། རང་ཉིད་ཀྱིས་བརྒྱུད་མྱོང་བའི་ལམ་བུ་དང་མཐོང་བའི་འགྱུར་ལྡོག་ནང་སྦྱོང་དུས་སློབ་མཁན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། འཚོ་བར་རེ་བ་ཡོད་པ་བཅས་དངོས་སུ་ལོངས་སྤྱོད་ཐུབ་བྱུང་། ན་གཞོན་མི་རབས་ཚོས་ད་ཆའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་དང་ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མ་བརྗེད་པར་ད་ཆའི་བདེ་སྐྱིད་འཚོ་བ་དེ་གུང་ཁྲན་ཏང་དང་ཁ་འབྲལ་ཐབས་མེད་པས་ནམ་ཡང་ཏང་གི་རྗེས་སུ་འབྲངས་དགོས་ཞེས་ཤོད་རོགས”ཞེས་མངགས་བྱ་བྱས་བྱུང་།