གསར་འགོད་པས་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ཚེས་10ཉིན་ནས་བཟུང་། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིས་ལྷ་ས་ནས་ཧྲེན་ཀྲེན་བར་དང་། ལྷ་ས་ནས་ཁྲང་ཧྲ་བར། ཁྲེང་ཏུའུ་ནས་ཏཱ་ལིས་བར། ཁྲེང་ཏུའུ་ནས་ལིས་ཅང་བར་བཅས་སུ་མཁའ་ལམ་གསར་པ་4སྔ་རྗེས་སུ་བཏོད་ནས་འགྲུལ་པ་ཕྱོགས་ལ་ཐོན་སྐབས་སྟབས་བདེ་བསྐྲུན་རྒྱུ་ཡིན་པ་རེད།
གཞན་ཡང་གསར་འགོད་པར་ཤེས་རྟོགས་བྱུང་བར། མངའ་རིས་ནས་ཁ་ཧྲི་བར་འགྲོ་འོང་བྱེད་པའི་གནམ་གྲུའི་ལན་གྲངས་དེ་སྔར་བཞིན་གཟའ་འཁོར་རེའི་གཟའ་མིག་དམར་ལ་རེད།