དབུ་ཤོག>གསར་འགྱུར།
  • 2017ལོ་ནས་བཟུང་བོད་ལྗོངས་ཀྱི་བཟོ་སྐྲུན་ཁེ་ལས་ཀྱི་འོས་ཐོབ་ཚད་གཞི་གསར་པར་སླེབས་མེད་ཚེ་འོས་ཐོབ་མེད་པ་བཟོ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2015-07-14

    གསར་འགོད་པས་རང་སྐྱོང་ལྗོངས་སྡོད་ཁང་དང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2017ལོའི་ཟླ་1ཚེས་1ཉིན་ནས་བཟུང་བོད་ལྗོངས་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་འོས་ཐོབ་ཀྱི་ཚད་གཞི་གསར་པ་ལྟར་འོས་ཐོབ་ཀྱི་ཚད་གཞི་གསར་པའི་རེ་བ་དང་མི་འཚམ་པའི་བཟོ་སྐྲུན་ཁེ་ལས་ཡིན་ཕྱིན་དེའི་འོས་ཐོབ་མེད་པ་བཟོ་རྒྱུ་ཡིན་ཞིང་། མིག་སྔར་འོས་ཐོབ་གསར་པ་མ་འདོན་གོང་གི་དྲིལ་བསྒྲགས་ལག་བསྟར་དང་གསོ་སྦྱོང་དཔྱད་ཞིབ་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།

    དྲིལ་བསྒྲགས་ལག་བསྟར་དང་གསོ་སྦྱོང་དཔྱད་ཞིབ་ལས་དོན་ཡག་པོ་སྤེལ་ཆེད་ཟླ་7ཚེས་3ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་དང་འཛུགས་སྐྲུན་ཐིང་གིས་ཆེད་མངགས་ཚོགས་འདུ་འཚོགས་པ་དང་འབྲེལ་སྡོད་ཁང་དང་འཛུགས་སྐྲུན་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཏེ་འབྲེལ་ཡོད་ཀྱི་འོས་ཐོབ་ཚད་གཞི་གསར་པ་དང་འབྲེལ་ཡོད་པུའི་བཀའ་རྒྱ་དང་ཚད་གཞི་དང་དེ་བཞིན་འབྲེལ་ཡོད་ཡིག་ཆ་ལྟར་ཟུར་ཁྲིད་དང་སྒྲོག་འགྲེལ་བྱས་པ་རེད།

    ལྗོངས་སྡོད་ཁང་དང་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ་ལི་ཅན་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གསོ་སྦྱོང་གི་གཙོ་གནད་ནང་འཕྲུལ་ཆས་བཟོ་སྐྲུན་ཆེ་མོ་བའི་གསོ་སྦྱོང་དང་། རྒྱུགས་སྤྲོད། ཐོ་འགོད་བཅས་ཀྱི་ལས་དོན་དང་། ལས་གནས་ལག་ཁྱེར་ཡོད་པའི་ཨར་ལས་བྱ་ཡུལ་དུ་དོ་དམ་བྱེད་མཁན་གྱི་གསོ་སྦྱོང་དང་། དཔྱད་ཞིབ། བསྡུ་སྤྱོད་བཅས་ཀྱི་ལས་དོན། དཔྱད་ཞིབ་བྱེད་པའམ་ཡང་ན་གསོ་སྦྱོང་ཚད་ལོན་བྱུང་བའི་འབྲིང་རིམ་བཟོ་པ་དང་དེ་ཡན་གྱི་ལག་རྩལ་བཟོ་པའི་གསོ་སྦྱོང་དཔྱད་ཞིབ་བསྡུ་སྤྱོད་ལས་དོན་སོགས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།