རྒྱ་ཆེའི་མང་ཚོགས་ལ་བཅའ་ཁྲིམས་ཀྱི་བློ་འདྲི་དང་བཅའ་ཁྲིམས་ཀྱི་ཞབས་ཞུ་དེ་བས་སྟབས་བདེ་ཞིག་ཡོང་ཆེད། ཉེ་ཆར་སྙན་རོང་རྫོང་ཁྲིམས་འཛིན་ཅུས་ཀྱིས་12348བཅའ་ཁྲིམས་རོགས་སྐྱོར་བློ་འདྲིའི་ཐད་གཏོང་ཁ་པར་བཙུགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 12348བཅའ་ཁྲིམས་རོགས་སྐྱོར་ཆེད་གཏོང་ཁ་པར་དེ་ལས་ཀའི་དུས་ཚོད་ནང་ཁྲིམས་ལུགས་རོགས་སྐྱོར་ལྟེ་གནས་ཀྱི་ལས་དོན་མི་སྣས་ཉན་རྒྱུ་དང་མང་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲིར་ལན་རྒྱག་པ། དགོས་ངེས་རྩོད་གཞི་ཐག་གཅོད་བྱེད་པའི“འདུམ་འགྲིག་པ”བྱེད་དགོས་པ་དང་འབྲེལ་མང་ཚོགས་ཀྱིས་སྐད་ཆ་དྲིས་པའི་ཁྲིམས་ལུགས་གནད་དོན་དབྱེ་ཞིབ་བྱས་ནས“རོགས་སྐྱོར་དང་འདུམ་འགྲིག”ཟུང་འབྲེལ་ཐུབ་པ་བྱ་རྒྱུ་རེད།