དབུ་ཤོག>གསར་འགྱུར།
  • “ནན་གསུམ་དྲང་གསུམ”ལག་བསྟར་བྱེད་པར་ཏང་ཡོན་ལས་བྱེད་པ་ནས་འགོ་བཙུགས་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-14

    ཉེ་ཆར་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་ཐོ་བཏང་ནས།རྒྱལ་ཡོངས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ནན་གསུམ་དྲང་གསུམ”ལག་ལེན་མཐར་ཕྱིན་བསྟར་དགོས་པའི་བཀོད་སྒྲིག་གནང་བ་རེད། བརྡ་ཐོ་ལས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ནན་པོའི་ཐོག་ནས་རང་གཅུན། ནན་པོའི་ཐོག་ནས་དབང་ཆ་སྤྱོད་པ། རང་ལ་བླང་བྱ་ནན་པོ་བྱེད་དགོས་པ།  བྱ་བ་སྒྲུབ་དུས་དྲང་པོ་དགོས་པ། བྱ་བཞག་གསར་གཏོད་བྱེད་པར་དྲང་པོ། མི་གཤིས་དྲང་བཞག”སོགས་བྱེད་པའི་སྐོར་གྱི་རྣམ་བཤད་དེ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་དེ་བས་ཀྱང་རིམ་པ་ཁག་གི་འགོ་ཁྲིད་རྣམས་སྲིད་སྐྱོང་ཐབས་དང་བྱ་བ་ལེགས་པོ་སྒྲུབ་ཐབས། མི་ཚུལ་ལྡན་ཞིག་བྱེད་པའི་ཚད་འཛིན་ས་ཞིག་ཡིན།

    སྤྱོད་ཚུལ་འཛུགས་སྐྱོང་ནི་ཡུན་རིང་གི་འཐབ་ས་ཞིག་ཡིན་པ་དང་།དེར་རང་གཅུན་དང་གཞན་གཅུན་ལྡན་ལ་ལམ་ལུགས་སྣེ་ཁྲིད་དང་རིན་ཐང་གི་མཛུབ་ཁྲིད་ཀྱང་ལྡན་ཡོད།  སྤྱོད་ཚུལ་འཛུགས་སྐྱོང་གི་བླང་བྱ་ནི་ལམ་ལུགས་དོན་འཁྱོལ་ཡོང་བའི་ཆེད་དུ་ཡིན་པ་མ་ཟད་དེ་བས་རིན་ཐང་མངོན་འགྱུར་ཡོང་བའི་ཆེད་དུ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་“ནན་གསུམ་དྲང་གསུམ”སྐོར་གྱི་རྣམ་བཤད་ལས་སྤྱོད་ཚུལ་འཛུགས་སྐྱོང་ཐད་བླང་བྱ་ནན་པོ་བཏོན་ཡོད་པ་རེད། “ནན་གསུམ་དྲང་གསུམ”ནི་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་དང་བྱ་བ་ཇི་ལྟར་སྒྲུབ་པའི་གཞི་འཛིན་ས་ཞིག་རེད།  མ་ཟད“ནན་གསུམ་དྲང་གསུམ”ནི་ཏང་ཡོན་གྱི་སྤྱོད་ཚུལ་ལེགས་སུ་གཏོང་བའི་ཐབས་ཇུས་ལེགས་པོ་ཞིག་ཀྱང་ཡིན་ལ་སྒྲིག་སྲོལ་དང་ལམ་ལུགས་མེད་ཚེ་གནད་དོན་གང་ཡང་ཐག་གཅོད་མི་ཐུབ་པས་གལ་སྲིད་ཏང་ཡོན་ལས་བྱེད་པར་ཚོད་འཛིན་དང་བཅུན་འདོམས་མ་བྱས་ན།ང་ཚོར་མི་དམངས་ཀྱི་ཡིད་ཆེས་མི་ཐོབ་ལ་དམངས་སེམས་གཅིག་ཏུ་སྒྲིལ་ཐུབ་ཐབས་མེད།  དེར་བརྟེན་ང་ཚོས་རེ་བ་ནན་པོས་མི་ཡག་པོ་དང་སྐད་ཆ་དྲང་པོ། བྱ་བ་བཟང་པོ་བཅས་སྒྲུབ་དགོས་པ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་དང་ལག་ལེན་བྱེད་སྒོ་དངོས་སྤེལ་བའི་ལྟ་བ་ཞིག་ཡིན།  དཔེར་ན་ལས་བྱེད་པ་ཞིག་ལ་ཆ་མཚོན་ན། རང་གི་ལས་གནས་གང་འདྲ་ཞིག་ཡིན་རུང་དམངས་ལ་འབྲེལ་བ་དམ་ཟབ་བྱ་རྒྱུ་དང་།  ལས་དོན་ནན་པོ་སྒྲུབ་པ། བྱ་བ་ཆུང་ཆུང་ནས་འགོ་ཚུགས་ཏེ་མི་དམངས་མང་ཚོགས་རྣམས་འདོད་བློ་ཁེངས་ཐུབ་པ་བྱ་དགོས། དེ་བཞིན་ཏང་ཡོན་ཞིག་གི་ངོས་ནས་བརྗོད་ན་ང་ཚོས་ཏང་དང་རྩ་འཛུགས། མི་དམངས།  བློ་མཐུན་སོགས་ལ་བློ་དཀར་གཞུང་དྲང་དང་འགོ་ཡོད་མཇུག་ཡོད་བཅས་བྱས་ནས་རྒྱུན་ཆད་མེད་པར་སྤྱོད་ཚུལ་འཛུགས་སྐྱོང་ལ་ནུས་པ་གསར་པ་ཐོན་ཐུབ་པ་དགོས། དྲང་བཞག་ལུགས་མཐུན་ངང་མང་ཚོགས་ཁྲོད་བསྐྱོད་པ་དང་ཏནཏན་ཏིག་ཏིག་ངང་མང་ཚོགས་ཆེད་དུ་ལས་དོན་དངོས་སྒྲུབ་པ་དང་ལས་དོན་ཡག་པོ་སྒྲུབ་ནས་མང་ཚོགས་ཀྱི་སེམས་ནང་བག་ཆགས་བཟང་པོ་འཇོག་དགོས།

    སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པའི “ནན་གསུམ་དྲང་གསུམ”ཕུན་སུམ་ཚོགས་ལ་བརྗོད་དོན་གཏིང་ཟབ་པས་ཏང་ཡོན་ལས་བྱེད་རྣམས་ལ་མིའི་སྤྱོད་ཚུལ་འཛིན་སྟངས་དང་ལས་དོན་སྒྲུབ་རྒྱུར་ཁ་ཕྱོགས་གསལ་པོ་བསྟན་ཡོད། དེར་བརྟེན། “ནན་གསུམ་དྲང་གསུམ”ནི་ཏང་ཡོན་ལས་བྱེད་པ་ནས་འགོ་བཙུགས་ཏེ་སློབ་སྦྱོང་བྱེད་དགོས།  ང་ཚོས་ནན་ཏན་གྱིས“ནན་གསུམ་དྲང་གསུམ”གཞིར་བཟུང་རང་ཉིད་ལ་རེ་བ་ནན་པོ་བཏོན་ནས་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་གྱི་མིག་དཔེའི་ནུས་པ་འདོན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།