དབུ་ཤོག>གསར་འགྱུར།
  • ལོ་སྟོད་ཀྱི་བོད་ལྗོངས་ཡོངས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར་96ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2015-07-14

    གསར་འགོད་པར་ཚེས་8ཉིན་སྐོང་ཚོགས་བྱས་པའི་ལྗོངས་ཡོངས་ཀྱི་རྒྱལ་ཁྲལ་ཁོངས་གཏོགས་ཀྱི་ལོ་ཕྱེད་ཀྱི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2015ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར་ལྗོངས་ཡོངས་ཀྱིས་ཁྲལ་འབབ་ཁག་སྒོར་དུང་ཕྱུར་96.47བསྡུ་ལེན་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་19.8%འཕར་བ་དང་འབབ་འཕར་སྒོར་དུང་ཕྱུར་15.8བྱུང་ཡོད་པ་རེད། འགག་སྒོ་ལས་ཁུངས་ཀྱིས་ཚབ་བསྡུ་བྱས་པའི་དཔྱ་ཁྲལ་སྒོར་ཁྲི་5340ཕུད། ཁྲལ་དོན་སྡེ་ཚན་གྱིས་དཔྱ་ཁྲལ་སྒོར་དུང་ཕྱུར་95.94བསྡུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་20.9%འཕར་བ་དང་། འབབ་འཕར་སྒོར་དུང་ཕྱུར་16.61བྱུང་བ། ལོ་འཁོར་འཆར་གཞིའི་50.03%ལེགས་འགྲུབ་བྱུང་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར་ཁྲལ་འབབ་བསྡུ་ལེན་གྱི་གནས་ཚུལ་ཡག་པ་དང་གཤམ་གསལ་གྱི་ཁྱད་ཆོས་མངོན་པ་སྟེ། གཅིག་ནི་ཁྲལ་འབབ་བརྟན་པོའི་སྒོ་ནས་འཕར་བ་དང་དེ་བཞིན་ཁྲལ་འབབ་ཀྱི་གཞི་ཁྱོན་དང་འཕར་ཚད་གཉིས་ཀ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་ཡིན་ཞིང་། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ལྷོ་ཁ་ས་ཁུལ། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་བསྡུ་ལེན་ཚན་པ་གསུམ་གྱིས“གཉིས་ཀ་ཕྱེད་བརྒལ”གྱི་དམིགས་ཚད་མངོན་འགྱུར་བྱས་ཡོད། གཉིས་ནི་ཁེ་ལས་ཀྱི་ཐོབ་ཁྲལ་དང་གཉེར་སྐྱོང་དཔྱ་ཁྲལ་མྱུར་ཚད་མགྱོགས་པོའི་ཐོག་ནས་འཕར་བ་དང་། གཞན་ཡང་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་དང་། ཐོན་ཁུངས་དཔྱ་ཁྲལ། འཛིན་ཁྲལ་བཅས་འབབ་འཕར་བྱུང་ཚུལ་མངོན་གསལ་དོད་ཅིང་། འདི་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར་ཁེ་ལས་ཀྱི་ཐོབ་ཁྲལ་སྤྱི་འབོར་དང་འཕར་ཚད་གཉིས་ཀ་ཁྲལ་རིགས་ཁག་གི་ཨང་དང་པོར་སླེབས་པ་དང་། འདེགས་སྐྱོར་གྱི་ནུས་པ་མངོན་གསལ་དོད་པོ་ཡོད། གསུམ་ནི་ཀྲུང་དབྱང་རིམ་པའི་ཁྲལ་འབབ་འཕར་བའི་མྱུར་ཚད་ས་གནས་རིམ་པའི་ཁྲལ་འབབ་ལས་ཅུང་མགྱོགས་པ་དང་འཕར་ཚད་རྩ་བའི་ཆ་ནས་ཆ་མཚུངས་པོ་བྱུང་ཞིང་། ཀྲུང་དབྱང་རིམ་པ་དང་ས་གནས་རིམ་པས་ཁག་སོ་སོར་དཔྱ་ཁྲལ་སྒོར་དུང་ཕྱུར་48.79དང་སྒོར་དུང་ཕྱུར་40.22བསྡུ་ལེན་ལེགས་འགྲུབ་བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས་21.3%དང་20.6%སོ་སོ་འཕར་བ་དང་། འབབ་འཕར་སྒོར་དུང་ཕྱུར་8.56དང་དུང་ཕྱུར་8.05བྱུང་བ། འཕར་ཚུལ་རྩ་བའི་ཆ་ནས་ཆ་མཚུངས་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།