དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-13

    གཟའ་འཁོར་འདིའི་དུས་མཇུག་ཏུ་རང་ལྗོངས་སུ་ཆར་ཆུ་འབབ་ཤུགས་ཆུང་བ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་7ཚེས་13ཉིན་ནས་ཟླ་7ཚེས་19ཉིན་བར)

    གཟའ་ཟླ་བ་ནས་ལྷག་པ་བར་ནག་ཆུ་ས་ཁུལ་གྱི་དབུས་ཤར་རྒྱུད་དང་། ཆབ་མདོ་གྲོང་ཁྱེར། ལྷ་ས་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ལྷོ་ཁ་ས་ཁུལ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ། གཟའ་ཕུར་བུ་དང་པ་སངས་ལ་གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་རྒྱུད་དང་། ལྷོ་ཁ་ས་ཁུལ་གྱི་ལྷོ་རྒྱུད། ཉིང་ཁྲི་གྲོང་ཁྱེར་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཉིས། གྲོས་འགོ

    1.གཟའ་འཁོར་གོང་མར་ཆར་པ་བབས་པ་ལས་གཙང་རྒྱུད་དང་དབུས་ནུབ་རྒྱུད་ཀྱི་ཞིང་ཁུལ་གཙོ་བོའི་ཐན་ཚུལ་ཞི་ལྷོད་དུ་ནུས་ལྡན་སོང་ནས་རང་ལྗོངས་ཀྱི་ནུབ་རྒྱུད་སྤང་རྩྭ་སྔོན་པོར་འགྱུར་རྒྱུར་ཕན་ཐོགས་ཡོད་མོད། འོན་ཀྱང་འགྲམ་ས་ཡོམ་རྒྱག་ཁུལ་གྱི་འཐབ་ཕྱོགས་དང་པོར་ཆར་པ་འབབ་པའི་གནམ་གཤིས་བསྟུད་མར་བསྟན་པའི་ཁར་གཟའ་འཁོར་འདིའི་ནང་སྔར་བཞིན་ཆར་ཆུ་འབབ་རྒྱུ་ཡིན་པས་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ས་གཤིས་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས། 

    2.རང་ལྗོངས་ཀྱི་ས་ཁུལ་མང་ཆེ་བར་ཆར་དུས་ཤར་བ་དང་དེའི་རིང་ཆར་པ་ཆེན་པོ་འབབ་པའི་གནམ་གཤིས་བསྟུད་མར་བསྟན་རྒྱུ་རེད། གཟའ་འཁོར་འདིའི་གཟའ་ཟླ་བ་ནས་ལྷག་པའི་བར་ཆར་པ་འབབ་ཤུགས་ཆེ་བས་འབྲེལ་ཡོད་སྡེ་ཚན་གྱིས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ས་ཚིགས་དང་། ཆུ་རྒྱུན་འབྲིང་ཆུང་། ཆུ་མཛོད་བཅས་ལ་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་དང་ཤྭ་འོད་ཀྱི་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།