དབུ་ཤོག>གསར་འགྱུར།
  • ​ དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མར་རོཌ་སྐྱོར་བྱ་རྒྱུ་རེད་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-13

    གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར་འདི་ལོ་བོད་ཀྱིས་ཁྱིམ་ཚང་དཀའ་ངལ་ཡོད་པའི་མཐོ་སློབ་ཀྱི་སློབ་མར་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སློབ་མ་ཚང་མར་འདྲ་མཉམ་གྱི་སློབ་གསོའི་གོ་སྐབས་ཐོབ་པའི་འགན་ལེན་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྐྱེ་ཁུངས་བོད་ནས་ཡིན་པའི་ཁྱིམ་ཚང་དཀའ་ངལ་ཡོད་པའི་སློབ་མ་གསར་པ་སློབ་གྲྭར་འཛུལ་སྐབས་གལ་ཏེ་གནས་སྐབས་སློབ་ཡོན་དང་ཞག་སྡོད་འགྲོ་གྲོན་བསྡུ་མ་ཐུབ་ཚེ་སློབ་འགོ་ཚུགས་པའི་འབྱོར་ཐོ་འགོད་པའི་ཉིན་དེར་སློབ་གྲྭས་བཏོད་པའི“ཐོགས་མེད་བགྲོད་ལམ”བརྒྱུད་འབྱོར་ཐོ་འགོད་ཆོག་པ་དང་སློབ་གྲྭར་འཛུལ་རྗེས་སྙན་ཞུ་ཕུལ་ནས་སློབ་གྲྭས་བདེན་མིན་ཞིབ་དཔྱད་དང་ཁས་ལེན་བྱས་རྗེས་བྱེད་ཐབས་མི་འདྲ་བ་སྤྱད་དེ་རོགས་སྐྱོར་བྱ་རྒྱུ་རེད།

    མཐོ་རིམ་སློབ་གྲྭར་ཚུད་པའི་ཞིང་འབྲོག་པའི་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཐོབ་ཐང་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག  ཁེ་ལས་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ལས་བཟོའི་བུ་ཕྲུག་བཅས་ལྗོངས་ཕྱིའི་གཙོ་གནད་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་ཏུ་ཚུད་པའི་སློབ་མར་སྒོར་5000དང་། ལྗོངས་ཕྱིའི་སྤྱིར་བཏང་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་ཏུ་ཚུད་པའི་སློབ་མར་སྒོར་4000  ལྗོངས་ནང་ཁུལ་གྱི་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་ཏུ་ཚུད་པའི་སློབ་མར་སྒོར་1000བཅས་ཀྱི་ཚད་གཞི་གཞིར་བཟུང་ཐེངས་གཅིག་རང་གི་རོགས་སྐྱོར་བྱ་རྒྱུ་རེད།

    རྒྱལ་ཁབ་ཀྱི་སློབ་རོགས་མ་དངུལ་དང་རྒྱལ་ཁབ་ཀྱི་ལྕག་སྐུལ་སློབ་རོགས་བྱ་དགའི་དངུལ་སོགས་སྲིད་ཇུས་དེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་མཉམ་དུ་མ་དངུལ་བཏོན་ནས་བཙུགས་པ་ཞིག་ཡིན་པ་དང་སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་3000དང་སྒོར་5000སྤྲད་ནས་ཁྱིམ་ཚང་དཀའ་ངལ་ཆེ་བའི་མཐོ་སློབ་ཀྱི་སློབ་མར་སློབ་སྦྱོང་དང་ཡར་བརྩོན་ཧུར་ཐག་བྱ་རྒྱུར་རོགས་རམ་དང་སྐུལ་ལྕག་བཏང་ནས་སྤྱོད་ལམ་དང་། ཤེས་རིག  ལུས་རྩལ། མཛེས་རིག་བཅས་ཐད་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།