དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཤེས་ལྡན་མི་སྣའི་ཁྲོམ་ར་ཆེན་པོ་གཉིས་ལོ་མཇུག་ཏུ་སྤྱོད་འགོ་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-07-13

    ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མིག་སྔར་བོད་དུ་ད་ཡོད་ལས་རིགས་འོས་སྦྱོར་ལྟེ་གནས་ཀྱིས་ཁེ་ལས་དང་ལས་ཀ་འཚོལ་མཁན་དེ་བས་མང་བའི་དགོས་མཁོ་ད་དུང་སྐོང་ཐུབ་ཀྱི་མེད་པ་དང་། ལམ་ངོས་ཀྱི་རང་ཚུགས་སུ་ཆགས་པའི་ངལ་ནུས་ཁྲོམ་ར་ཚད་ལྡན་མེད་པས། སྤྱི་ཚོགས་ཀྱི་བདེ་འཇགས་ཐད་མངོན་མེད་རྐྱེན་རྩ་ཆེན་པོ་ལྷགས་ཡོད། བོད་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་བཅས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་ཆེན་པོ་གསུམ་སྐྲུན་ཟིན་པ་དང་འབྲེལ་བེད་སྤྱོད་བྱེད་འགོ་ཚུགས་པ་དེས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན། མི་ཤུགས་ཐོན་ཁུངས་ཁྲོམ་ར་སྔར་བས་ཚད་ལྡན་དུ་འགྲོ་རྒྱུ་དང་འདོན་སྤྲོད་དང་དགོས་མཁོ་ཕྱོགས་གཉིས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་སྔར་བས་ལེགས་པ་ཐུབ་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འགན་ཁུར་མི་སྣས་བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་མི་ཤུགས་ཐོན་ཁུངས་ཁྲོམ་ར་ཆེ་གྲས་3བཀོད་སྒྲིག་བྱས་ནས་བཙུགས་པ་དེ་དག་ནི་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་ར་དང་། ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་ཁྲོམ་ར། གཞིས་རྩེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་ཁྲོམ་ར་བཅས་རེད། མི་ཤུགས་ཐོན་ཁུངས་ཁྲོམ་ར་བཙུགས་པ་དང་འབྲེལ་བེད་སྤྱོད་བྱས་རྗེས་མི་ཤུགས་ཐོན་ཁུངས་ཀྱི་དགོས་མཁོའི་ཆ་འཕྲིན་དང་། ཡིག་ཚགས་དོ་དམ། མི་ཤུགས་ཐོན་ཁུངས་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་འབྲེལ་ཡོད་ལས་དོན་གྱི་འགན་ཁུར་རྒྱུ་མ་ཟད། མི་སྤྱོད་ཚན་པར་དེ་བས་མང་བ་དང་དེ་བས་ཆ་སྙོམས་ཡིན་པའི་ལས་ཞུགས་ལས་གནས་མཁོ་འདོན་བྱ་རྒྱུར་ཁྲིད་སྟོན་བྱས་ནས། མི་སྤྱོད་ཚན་པའི་མི་སྤྱོད་དང་ལས་ཀ་འཚོལ་མཁན་གྱི་ལས་འཚོལ་ཚད་ལྡན་དུ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་པ་དང་། སྔོན་དཔག་བྱས་ན་ལོ་མཇུག་ཏུ་བེད་སྤྱོད་གཏོང་འགོ་འཛུགས་རྒྱུ་རེད། འོན་ཀྱང་འབྲེལ་ཡོད་ལས་སྒོའི་ལས་དོན་སྤེལ་ཟིན་པ་དཔེར་ན། མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཆ་འཕྲིན་ཞབས་ཞུའི་མ་ལག་བཙུགས་པ་དང་ཁྲོམ་རའི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལས་གནས་ཆ་འཕྲིན་བསྡུ་རུབ་དང་། ཡོངས་བསྒྲགས། གནས་ཚུལ་ཐོན་རིམ་བཞིན་དབྱེ་ཞིབ་སོགས་ཀྱི་ལས་དོན་ནན་ལ་ཞིབ་ཚགས་ངང་སྒྲུབ་རྒྱུའི་བརྩོན་ལེན་བྱེད་པ་དང་། མི་དོན་ཡིག་ཚགས་ཀྱི་ཚབ་གཉེར་ལས་ཀའི་ལམ་ལུགས་དང་ལས་ཀའི་བརྒྱུད་རིམ་བཟོས་ནས་ཡིག་ཚགས་ཚབ་གཉེར་ལས་དོན་དངོས་སུ་སྤེལ་ཡོད། མིག་སྔར་མི་དོན་ཡིག་ཚགས་སྣ་ཚོགས་ངོ་གྲངས་10ལྷག་ཙམ་ཉར་ཚགས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་པ་དང་ཞོར་གཏོགས་ལས་གྲྭ་འཛུགས་སྐྲུན་བྱེད་བཞིན་ཡོད་པས་སྔོན་དཔག་བྱས་ན་ལོ་མཇུག་ཏུ་བེད་སྤྱོད་བྱེད་འགོ་འཛུགས་རྒྱུ་རེད། གཞིས་རྩེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་ཁྲོམ་ར་ཡང་ལས་གྲྭའི་30%ལེགས་གྲུབ་ཟིན་པ་དང་། གཞན་ཡང“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་རྫོང་རིམ་པའི་ལས་ཞུགས་ཞབས་ཞུ་ལྟེ་གནས་68ནང་56ལེགས་གྲུབ་ཟིན་པ་དང་། སྡེ་ཁུལ་ཞབས་ཞུ་ལྟེ་གནས་45ཡི་ནང་4ལེགས་གྲུབ་ཟིན་པ་དང་དེ་བྱིངས་ཀྱི་ཞབས་ཞུ་ལྟེ་གནས་རྣམས་ལོ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།