དབུ་ཤོག>གསར་འགྱུར།
  • དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་སྲིད་ཇུས་བཏོན་ནས་མ་རྩའི་ཁྲོམ་ར་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-07-13

    མ་རྩའི་ཁྲོམ་ར་རྒྱུན་མཐུད་ངང་འཕེལ་རྒྱས་བརྟན་པོ་འགྲོ་ཆེད་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཉིན་ཤས་གོང་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་དུས་ཚོད་སླེབས་པའི་རྐང་འཛིན་གཏའ་འཇོག་དངུལ་བུན་དང་དངུལ་བུན་ལེན་མཁན་ལ་དུས་ཚད་ཡང་བསྐྱར་གཏན་འཁེལ་འོས་འཚམ་བྱེད་ཆོག་པ་སོགས་བྱེད་ཐབས་བཞི་བཏོན་པ་རེད།

    བྱེད་ཐབས་བཞི་པོ་ནི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་དུས་ཚོད་སླེབས་པའི་རྐང་འཛིན་གཏའ་འཇོག་དངུལ་བུན་དང་དངུལ་བུན་ལེན་མཁན་ལ་དུས་ཚད་ཡང་བསྐྱར་གཏན་འཁེལ་འོས་འཚམ་བྱེད་ཆོག་ཅིང་། གཏའ་མ་འཇོག་ཚད་གན་རྒྱའི་གཏན་འབེབས་ལས་དམའ་རིགས་ལ་ཕྱོགས་གཉིས་སོ་སོས་གཏའ་མ་ལེགས་སྒྲིག་བྱེད་ཆོག་པ་དང་གཅིག དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་རང་འགུལ་ངང་མངགས་བཅོལ་དངུལ་ལོར་བདག་གཉེར་དང་ཡིད་ཆེས་མངགས་བཅོལ་མ་འཇོག་བྱེད་མཁན་དང་གྲོས་མོལ་བྱས་ནས་དངུལ་འཛིན་མ་འཇོག་གི་ཉེན་ཁའི་མཚམས་ཐིག་དང་མཛོད་སྙོམས་མཚམས་ཐིག་སྙོམས་སྒྲིག་འོས་འཚམ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་གཉིས། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་དང་ཀྲུང་གོ་དངུལ་འཛིན་དངུལ་རྩ་མ་རྐང་ཚད་ཡོད་ཀུང་སིས་ལས་རིགས་གཅིག་པའི་མཉམ་ལས་བྱས་ནས་ལས་རིགས་གཅིག་པའི་མ་དངུལ་གྲབས་གསོག་བྱེད་རྒྱུར་ཡར་་སྐུལ་བྱེད་པ་དང་གསུམ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཁེ་ལས་རང་གི་རྐང་འཛིན་ཕྱིར་ཉོ་མཁན་ཁྲོམ་ཞུགས་་ཀུང་སིར་གཏའ་འཇོག་མ་དངུལ་གྲབས་གསོག་ཞབས་ཞུ་མཁོ་འདོན་བྱས་ནས་དཔལ་འབྱོར་དངོས་ཚན་ལ་དངུལ་རྩའི་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་དངོས་ཚན་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་བཞིའོ།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།