དབུ་ཤོག>གསར་འགྱུར།
  • ཏང་འཛུགས་སྐྱོང་ལས་དོན་ལ་རྣམ་པ་གསར་པ་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀྲང་ཆི།   |     སྤེལ་དུས།  2015-07-13

           ཏང་འཛུགས་སྐྱོང་ལས་དོན་གསར་གཏོད་གང་འདྲ་བྱས་ཀྱང་རྒྱ་ཆེའི་མི་དམངས་མང་ཚོགས་དང་ཁ་འབྲལ་ཐབས་མེད། མིག་སྔའི་ཏང་འཛུགས་སྐྱོང་ལས་དོན་གསར་གཏོད་ཐད་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་དང་། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་ས་དང་དགོས་མཁོ་ཐག་གཅོད་བྱེད་པའི་གནད་དོན་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཚེ། གཞི་ནས་ཏང་འཛུགས་སྐྱོང་ལས་དོན་ལ་དམངས་སེམས་ཐོབ་པ་དང་དམངས་ཀྱི་འདོད་བློ་དང་མཐུན་ནས་མཐའ་མའི་དམིགས་ཡུལ་སྒྲུབ་ཐུབ། 

    གཅིག ཏང་འཛུགས་སྐྱོང་ལས་དོན་གྱི་གསར་གཏོད་ཐད་མང་ཚོགས་ཀྱི་འབོད་སྒྲ་ཉན་དགོས། དམངས་ཀྱི་འབོད་སྒྲ་ཉན་རྒྱུ་ཞེས་པ་དེ་ནི་རྒྱ་ཆེའི་མང་ཚོགས་ཀྱིས་སེམས་གཏིང་གི་འབོད་སྒྲ་ཉན་པ་དང་མང་ཚོགས་དང་གདོང་དང་གདོང་ཐུག་ནས་འབྲེལ་གཏུག་དང་སྙིང་གཏམ་གླེང་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱས་ཚེ། གཞི་ནས་མང་ཚོགས་ཀྱི་བསམ་བློ་དང་དགོས་མཁོ་ཉན་ཐུབ་པ་དང་གཞི་ནས་གཞི་རིམ་གྱི་ཏང་ཡོན་དང་མང་ཚོགས་ཀྱིས་གང་བསམ་མིན་དང་ཁོང་ཚོའི་དཀའ་ངལ་ཤེས་རྟོགས་ཐུབ་སྟེ་ཏང་འཛུགས་ལས་དོན་སྒྲུབ་རྒྱུར་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་ཐུབ་པ་དང་།

    གཉིས། ཏང་འཛུགས་སྐྱོང་ལས་དོན་གྱི་གསར་གཏོད་ཐད་དམངས་ཀྱི་དཀའ་ངལ་སེལ་རྒྱུར་གཞོལ་དགོས། ཏང་དང་མང་ཚོགས་དབར་ཉ་ཆུ་ལྟ་བུའི་བརྩེ་སེམས་ཡོད་པ་དང་མང་ཚོགས་ཀྱི་དཀའ་ངལ་ནི་ཏང་གི་དཀའ་ངལ་ཡིན། གཞི་རིམ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཚང་མ་རིམ་ཁག་ཏང་ཡོན་ལས་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོད། ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་མངོན་པ་བྱེད་པ་དང་ཏང་ཡོན་གྱིས་རོགས་ཁྲིད་དང་དང་བླངས་པའི་ཞབས་ཞུ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ལ་ཇུས་འདོན་རོགས་དང་དཀའ་ངལ་སེལ་རོགས་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་མངོན་པ་བྱེད་དགོས། རིམ་ཁག་ཏང་ཡོན་ལས་བྱེད་པ་ཚོས་ངེས་པར་དུ་གཞུང་ཞབས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ནུས་ཤུགས་གང་ཡོད་ཀྱིས་མང་ཚོགས་ཀྱི་ཁེ་ཕན་དོན་གཉེར་བྱས་ཏེ་ཏང་གི་དམིགས་ཡུལ་ཞིབ་ཕྲའི་ལས་གནས་ཐོག་དང་ལས་དོན་གྱི་ལྷུ་ཚིགས་ཁྲོད་མངོན་པ་བྱེད་དགོས་པ།

    གསུམ། ཏང་འཛུགས་སྐྱོང་ལས་དོན་གྱི་གསར་གཏོད་ཐད་མང་ཚོགས་ཞུགས་རྒྱུ་སྐུལ་སློང་བྱེད་དགོས། གཞི་རིམ་རྩ་འཛུགས་སྒྲིག་གཞི་འཛུགས་སྐབས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་པ་དང་འབྲེལ། བླང་བྱ་གཞིར་བཟུང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཛུགས་དགོས། སྒྲིག་འཛུགས་སྒྲིག་གཞིའི་གྲུབ་ཆའི་མི་སྣའི་ཐད་ལའང་མང་ཚོགས་ཀྱི་བསམ་འཆར་གང་ལེགས་ཉན་པ་དང་ཏང་ནང་འོས་སྦྱོར་བྱེད་པའི་རྨང་གཞིའི་ཐོག་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ་དང་འབྲེལ་དམངས་འདོད་དཔྱད་མོལ་ནན་ཏན་བྱེད་པ་དང་མང་ཚོགས་ཀྱི་རྨང་གཞི་ལེགས་པ་དང་། ལས་ཀའི་འཇོན་ཐང་ཆེ་བ། ལས་རྗེས་མངོན་གསལ། ཏང་གཤིས་ཀྱི་བློ་སྦྱོང་ལེགས་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་འདེམས་དགོས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཚོགས་འདུ་འཚོགས་པ་དང་མང་ཚོགས་ཀྱི་འཐུས་མི་ཞུགས་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་མང་ཚོགས་ལ་བསམ་འཆར་དང་གྲོས་འགོ་འདོན་དུ་འཇུག་པ་དང་སེམས་ཆུང་ངང་མང་ཚོགས་ཀྱིས་ལས་དོན་ཁག་ལ་ལྟ་སྐུལ་བྱ་རྒྱུ་དང་ལེན་བྱེད་དགོས། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་སྒྲུབ་སྐབས་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་བ་དང་། མང་ཚོགས་ལ་སེམས་ཁུར། མང་ཚོགས་ལ་གཅེས་སྐྱོང་། མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་ཐུབ་མཁན་བཅས་ཀྱི་ཕུལ་བྱུང་མང་ཚོགས་ཏང་རྩ་འཛུགས་ནང་བཅུག་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱ་རྒྱུར་ཁྲག་རྒྱུན་གསར་པ་སྣོན་པ་དང་ཏང་གི་གསོན་ཤུགས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།