དབུ་ཤོག>གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར་6ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-13

    ཉིན་ཤས་གོང་གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོའི་ལོ་སྟོད་དུ་ཉིང་ཁྲི་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱི་ཁྲལ་བསྡུ་སྣ་ཚོགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་6.18ཟིནཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་དྲུག་པའི་བར་ཉིང་ཁྲི་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱི་ཁྲལ་བསྡུ་སྣ་ཚོགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་6.18ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་1.06འཕར་ནས་འཕར་ཚད་20.79%ཟིན་ཡོད། དེའི་ནང་ཀྲུང་དབྱང་རིམ་པའི་ཡོང་འབབ་སྒོར་དུང་ཕྱུར་2.58ཟིན་པ་དང་། ས་ཁུལ་དང་གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི་ཡོང་འབབ་སོ་སོར་སྒོར་དུང་ཕྱུར་1.93དང་1.53ཟིན་པ། རང་སྐྱོང་ལྗོངས་རིམ་པའི་ཡོང་འབབ་སྒོར་དུང་ཕྱུར་0.14ཟིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།