དབུ་ཤོག>གསར་འགྱུར།
  • འཕེལ་རྒྱས་ཀྱི་ལམ་སྣེ་གཏོད་མཁན་ཞིག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-07-12

    རྟེན་གཞིའི་ཁུལ་རྙིང་པའི་མི་དམངས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་པར་བརྟེན་ཕ་ཡུལ་གྱི་གཉེན་ཉེས་ཀུའེ་ཀྲོའུ་ཙུན་དབྱི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཙེང་ཡུས་ལ“སྔོ་ཚོད་ཆག་པ་གཅིག་དང་ཡི་གེ་ཤོག་འཛར་གཅིག”ཕུལ་ནས་བཀའ་དྲིན་གྱི་བསམ་པ་མཚོན་པ་བྱས་པ་དང་། སྦགས་བཙོག་ཆེ་བའི་ཁེ་ལས་མེད་པ་བཟོ་རྒྱུའི་འགན་འཁུར་མཁན་ཧྲན་ཏུང་ཨན་ཆིའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཤིན་མིང་གིས་གནོན་ཤུགས་མཐའ་དག་ཁྱད་བསད་ཀྱིས་དཔལ་འབྱོར་ཕྱོགས་འགྱུར་ལ་སྐུལ་མ་ཤུགས་ཆེན་བཏང་བ་སོགས་གཞི་རིམ་བཅོས་སྐྱོང་གི“འཐབ་ས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ”དེ་དག་གིས་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་དོན་ཧུར་ཐག་སྒྲུབ་པ་དང་རང་འགུལ་ངང་ལས་དོན་སྤེལ་བར་བརྟེན་ཏང་དང་མི་དམངས་ཀྱི་ཡིད་ཆེས་ཐོབ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅིར་མཇལ་འཕྲད་གནང་སྐབས“འཕེལ་རྒྱས་ཀྱི་ལམ་སྣེ་གཏོད་མཁན་ཞིག”བྱེད་དགོས་ཞེས་གསུངས་ཡོད། གང་ཞིག་ནི་འཕེལ་རྒྱས་ཀྱི་ལམ་སྣེ་གཏོད་མཁན་ཞིག་ཡིན་ནམ། དེ་ནི་ལས་བྱེད་པ་དང་མང་ཚོགས་སྣེ་ཁྲིད་ཀྱིས་བྱ་གཞག་དོན་གཉེར་དང་གསར་གཏོད་བྱས་ཏེ་མཉམ་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་སེར་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བྱེད་མཁན་དེ་ཡིན། རྫོང་གི་འགོ་ཁྲིད་གཙོ་བོ་ཡིན་པའི་རྫོང་ཨུད་ཧྲུའུ་ཅིས་འགན་འཁྲི་ཁུར་ཕོད་པ་དང་འབད་འབུངས་ཡར་བརྩོན་བྱས་ཚེ་གཞི་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་ཐུབ་པ་དང་། དེར་སྣེ་ཁྲིད་བྱེད་ཐུབ་པ་མ་ཟད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཕེལ་རིམ་གསར་པ་སྟངས་འཛིན་ཐུབ་པ་དང་དེར་བསྟུན་ཐུབ་སྟེ་མི་དམངས་ཀྱི་རེ་སྒུག་གསར་པ་སྒྲུབ་ཐུབ་ནས་གང་དུ་དཔོན་གནས་འཁུར་བས་ན། དེ་གར་བདེ་སྐྱིད་སྐྲུན་པར་བྱེད།

    འཕེལ་རྒྱས་ཀྱི་ལམ་སྣེ་གཏོད་མཁན་ཞིག་བྱེད་པར་ངར་ཤུགས་དང་བསམ་པའི་འཁྱེར་སོ་བཟང་པོ་ཞིག་ཡོད་དགོས། “བསམ་པའི་འཁྱེར་སོ་བཟང་པོ་ཡོད་པ་བྱ་རྒྱུ་དེ་ནི་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་གལ་ཆེའི་སྔོན་འགྲོ་ཞིག་ཡིན”སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་ལྗིད་རྫོབ་ཆེ་བ་དང་། སྤྱི་ཚོགས་ཕྱོགས་འགྱུར་གྱི་འགལ་བ་རྙོག་འཛིང་ཆེ་བ། རྒྱལ་ཁ་གསར་པ་ལེན་རྒྱུ་བཅས་ལས་དོན་སྒྲུབ་ཕོད་མཁན་དང་སྒྲུབ་ཐུབ་མཁན་གྱི་ལས་བྱེད་པ་བཟང་པོ་འབོར་ཆེན་ཞིག་ལ་བརྟེན་དགོས། དོན་དངོས་ཁྲོད་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཟམ་མི་ཆད་པར་ཐོན་པ་དཔེར་ན། གང་འདྲ་བྱས་ཏེ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོང་གི་འགལ་ཟླ་སེལ་དགོས་པ་དང་། གང་འདྲ་བྱས་ཏེ་ཕུགས་ཀྱི་འཕེལ་རྒྱས་དང་མིག་མདུན་གྱི་སྲིད་སྐྱོང་གི་ལག་རྗེས་ཀྱི་འབྲེལ་བ་མཐུན་སྦྱོར་བྱེད་དགོས་པ། གང་འདྲ་བྱས་ཏེ“གཡང་རྩེའི་སྒང་ལ་ཡས་སྒྲོན”དང“འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བའི”ཐད་ཀྱི་འབྲེལ་བར་ལྟ་སྟངས་འཛིན་དགོས་པ་སོགས་ལྟ་བུའོ། ནུས་ཤུགས་ཡོད་རྒུས་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོག་དམག་འཐབ་ཡག་པོ་རྒྱག་པ་དེས་རྫོང་ཨུད་ཧྲུའུ་ཅིའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བར་ཞིབ་བཤེར་བྱེད་ཐུབ། ས་གནས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཡིན་ནའང་འདྲ་ཡང་ན་སྲིད་ཇུས་དམིགས་སར་དོན་འཁྱོལ་བྱ་རྒྱུ་བཅས་ཚང་མར་སེམས་ནུས་འདོན་དགོས་པ་དང་ཧུར་སེམས་དང་། ངར་ཤུགས། འགྲན་ཤུགས་བཅས་དགོས་ལ་དམ་འཛིན་ཏན་ཏིག་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་ཞིབ་ཚགས་བཅས་བྱེད་དགོས།

    འཕེལ་རྒྱས་ཀྱི་ལམ་སྣེ་གཏོད་མཁན་ཞིག་བྱེད་པར་འགན་འཁྲི་ལྕི་པོ་འཁུར་དགོས་པ་དང་འགན་འཁྲི་འཁུར་ཕོད་པ་ཞིག་དགོས། རྫོང་ཨུད་ཧྲུའུ་ཅི་ནི་ལས་བྱེད་པ་དང་མང་ཚོགས་སྣེ་འཁྲིད་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་མཁན་རྐང་འཛིན་ཞིག་ཡིན་པས་སྒྱུར་བཅོས་འཕེལ་རྒྱས་ཀྱི་འགག་སྒྲོལ་དུས་སུ་འགན་ཁུར་ཕོད་པའི་སྙིང་སྟོབས་ཤིག་ཡོད་དགོས། འགན་འཁྲི་ཇི་ཙམ་འཁུར་ཚེ་དེ་ཙམ་གྱིས་བྱ་གཞག་ཆེན་པོ་སྒྲུབ་ཐུབ་པ་དང་འགན་འཁྲི་ཇི་ཙམ་འཁུར་ཚེ་དེ་ཙམ་གྱིས་གྲུབ་འབྲས་ཆེན་པོ་ཐོབ་ཐུབ། དཀའ་ངལ་དང་ཉེན་ཁ་འཕྲད་སྐབས་དཔའ་ཞུམ་ཚེ་དཔོན་པོ་དཀྱུས་ཞན་དང་སྒྱིད་ལུག་ཅན་ཞིག་ཡིན་པས་བྱ་གཞག་སྒྲུབ་མི་ཐུབ་ལ་བྱ་གཞག་ཡག་པོ་དེ་བས་སྒྲུབ་མི་ཐུབ། རྫོང་ཨུད་ཧྲུའུ་ཅིའི་འགན་འཁྲི་ལྕི་ལ་གནོན་ཤུགས་ཆེ་བས་ངེས་པར་དུ་ལས་གནས་དེའི་ཐོག་ལས་དོན་ཧུར་ཐག་སྒྲུབ་པ་དང་དོར་ཐབས་མེད་པའི་སྙིང་སྟོབས་དང་། བློ་གཤོགས་ཆེ་བའི་རྣམ་པའི་ཐོག་ནས་མདུན་དུ་སྐྱོད་པ་དང་ལས་དོན་ཏན་ཏིག་སྒྲུབ་དགོས། སྒྱུར་བཅོས་འཕེལ་རྒྱས་ཀྱི་སྒྲིག་འཛུགས་པ་དང་། ལག་ལེན་པ། སྐུལ་འདེད་པ་བཅས་ཡིན་པའི་རྫོང་ཨུད་ཀྱི་ཧྲུའུ་ཅིས་འགན་འཁྲི་ཁུར་ཕོད་པ་དང་བྱ་གཞག་སྒྲུབ་ཚེ་གཞི་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགག་སྒྲོལ་གྱི་དཀའ་གནད་ལས་སྒྲོལ་ཐུབ་པ་མ་ཟད་མི་སེར་གྱི་འཚོ་བ་ཇེ་ལེགས་སུ་འགྲོ་ཐུབ།

    ཅའོ་ཡུས་ལུའུ་ཡིས་བྱེ་རླུང་དང་། བ་ཚྭ། ཤྭ་འོད་ཀྱི་གནོད་སྐྱོན་བཅས་ལ་འཐབ་མཁན་རྫོང་ཨུད་ཧྲུའུ་ཅི་ཚོར་མིག་དཔེ་བཏོན་ཡོད། ཀུའུ་ཝུན་ཁྲང་དང་དབྱང་ཧྲན་ཀྲོའུ་སོགས་རྫོང་ཨུད་ཧྲུའུ་ཅི་དེ་དག་ནི་འགོ་ཁྲིད་ལས་བྱེད་པ་ཚང་མའི་མིག་དཔེ་ཡིན། ད་ཆ་སྒྱུར་བཅོས་ཀྱི་འཐབ་ས་མདུན་མ་དང་གཞི་རིམ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་འགོ་ཁྲིད་ལས་བྱེད་པ་ཚོས་ཀྱང་འགན་འཁྲི་འཁུར་ཕོད་པ་དང་དཀའ་སྤྱད་འབད་བརྩོན་གྱིས་འཕེལ་རྒྱས་ཀྱི་ལམ་སྣེ་གཏོད་མཁན་ཡག་པོ་ཞིག་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་དང་མི་དམངས་ལ་བཅངས་པའི་ལྷག་བསམ་མངོན་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།