དབུ་ཤོག>གསར་འགྱུར།
  • ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-12

    ཆབ་མདོ་གྲོང་ཁྱེར་གྱིས“ཐོན་ལས་དང་པོའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེན་གཏོང་བ”བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་བརྗོད་བྱ་གཙོ་བོར་འཛིན་རྒྱུ་དང་། བརྟན་པོའི་ཁྲོད་ཡར་རྒྱས་བརྩོན་ལེན་བྱ་རྒྱུ་སྤྱིའི་ནང་དོན་དུ་བྱེད་རྒྱུ། དཔལ་འབྱོར་འཕར་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ལྟེ་བར་འཛིན་རྒྱུ་བཅས་མཐའ་འཁྱོངས་ཀྱིས“བཟོ་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ་དང་། ཤར་ནུབ་འཕེལ་རྒྱས་གཏོང་བ། རྟེན་གཞི་གསར་གཏོད་བྱེད་པ། རྨང་གཞི་གསུམ་བརྟན་དུ་གཏོང་བ”བཅས་ཀྱི་འབྱོར་ཕྱུག་དང་། ཞི་མཐུན། ཤེས་དཔལ་བཅས་ལྡན་པའི་ཆབ་མདོ་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས་གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་20%ཙམ་འཕར་ནས་དཔལ་འབྱོར་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

    རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་བཅོས་གསར་པ་བྱུང་ཞིང་། རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་དང་། གྲོང་གསེབ་དང་དགོན་སྡེའི་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་གྲོང་ཁྱེར་དེ་ཡོངས་སུ་ད་ཡོད་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་1.39ཟིན་པ་དེའི་ནང་ལོ་3ཙམ་གྱི་རིང་སྤྱི་ལེ་4048གསར་འཕར་བྱུང་བ་དང་། སྤང་མདའ་གནམ་ཐང་རྒྱས་སྐྲུན་བསྐྱར་སྐྲུན་ལས་གྲྭ་ལག་བསྟར་གྱིས་ཆབ་མདོ་ནས་ཁྲུང་ཆིང་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་ནས་གཟའ་འཁོར་རེའི་དུས་གཏན་གནམ་གྲུ་གཏོང་ཐེངས་དེ་2010ལོའི་གཏོང་ཐེངས་7ནས་21བར་མང་དུ་བཏང་བ་མ་ཟད། གནམ་ཐང་གི་བདེ་འཇགས་འཕུར་སྐྱོད་རྒྱུན་གཏན་ཡོང་ཚད་ལོ་6བསྟུད་མར་འཕར་བ། ཁྱོན་མ་དངུལ་སྒོར་དུང་ཕྱུར་66.3བཏང་བའི་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་ལས་མཇུག་སྒྲིལ་ནས་སྤྱོད་འགོ་ཚུགས་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་གློག་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་14.4ཟིན་ནས་གློག་དྲ་གཙོ་བོ་མི་འབོར་ལ་ཁྱབ་ཚད་47%ཟིན་པ། མངའ་ཁོངས་ཀྱི་ཆུ་བོ་འབབ་རྒྱུད་ཁག་23གྱི་ཕྱོགས་བསྡུས་འཆར་འགོད་ལས་དོན་སྤེལ་འགོ་ཚུགས་པ་དང་གྲོང་གསེབ་ཀྱི་དྭངས་གཙང་འཐུང་ཆུའི་ས་ཚིགས་ཀྱི་ལས་གྲྭ་ཁག་3865དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་ལོག་སྔོན་འགོག་རགས་ཆེན་ཁག་76ལག་བསྟར་བྱས་ནས་ཆུ་བོ་འབྲིང་ཆུང་བཅོས་སྐྱོང་རྣམ་གྲངས་49དང་ཆུ་རུད་ཀྱི་གནོད་འཚེ་བཅོས་སྐྱོང་རྣམ་གྲངས་ཁག་11ལེགས་གྲུབ་བྱུང་བ། ཞིང་ནང་གི་ཆུ་ཡུར་ཁག་3270དང་ཆུ་མཛོད་ཁག་678བསྐྲུན་པས་གྲོང་ཁྱེར་དེ་ཡོངས་ཀྱི་ས་ཞིང་ལ་ཞིང་ཆུ་འདྲེན་རྒྱུ་འགན་ལེན་བྱེད་ཁྱོན་མུའུ་ཁྲི་29.7འཕར་ཡོད་པ་རེད།

    འཕེལ་རྒྱས་ཀྱི་འདེགས་སྐྱོར་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཐོན་ལས་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་བྱུང་ཞིང་། “གཙང་གསུམ”ཆུ་གཞུང་ཨ་མ་དང་ཡན་ལག་ཆུ་བོའི་གློག་ཁང་ཁག་49འཆར་འགོད་འཛུགས་སྐྲུན་བྱས་ནས་སྒྲིག་སྦྱོར་བྱས་པའི་འཕྲལ་ཚན་ནས་གློག་འདོན་ཚད་ཁྱོན་ཆན་ཝ་ཁྲི་3585ཟིན་པ་དང་ཆུ་ཤུགས་གློག་ཁང་ཆེ་འབྲིང་ཁག་4སྐྲུན་བཞིན་ཡོད་པ་རེད། གཡུ་ལུང་ཟངས་གཏེར་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་སྒོ་ཀུན་ནས་སྤེལ་འགོ་ཚུགས་པ་དང་། ཞ་ཉེ་དང་ཏི་ཚའི་གཏེར་ཁ་དང་། ལྕགས་གཏེར། གཟེ་དབྱིངས་རྨེ་གཏེར་བཅས་བསྡུ་སྒྲིལ་གསར་སྤེལ་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ནས་ཆབ་མདོའི་སྐམ་སྲེག་ཨར་འདམ་བཟོ་གྲྭ་དང“ཁ་རུབ”རང་བྱུང་འཐུང་ཆུ་བདེ་བླག་ངང་ཐོན་སྐྱེད་བྱེད་འགོ་ཚུགས་པ། “འདེབས་འཛུགས་གསོ་སྤེལ་རྟེན་གཞི་ཆེན་པོ་བརྒྱད”འཛུགས་སྐྲུན་བྱས་ཏེ་དཔའ་ཤོད་ཀྱི་བྲ་བོ་དང་། སྨར་ཁམས་ཀྱི་རྒུན་འབྲུམ་ཨ་རག ལྷོ་རོང་གི་རྩམ་པ། སྟེང་ཆེན་གྱི་དབྱར་རྩྭ་དགུན་འབུ། རི་བོ་ཆེའི་ཚགས་ཤ ཆབ་མདོའི་སྔོ་ཚལ་རྟེན་གཞི་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་གསར་སྤེལ་འཛུགས་སྐྲུན་བྱ་རྒྱུར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་པ་དང་རིམ་རྩིས་བརྒྱབ་ན་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར་7.53བཏང་ཡོད།

    གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་མགྱོགས་པོ་འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་གསར་པ་བྱུང་ཞིང་། 2010ལོ་ནས་བཟུང་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་483.5 བྱས་ནས་ལོ་རེར་ཆ་སྙོམས་24.2%འཕར་བ་དང་། རང་སྐྱོང་ལྗོངས་ཀྱི་ཆབ་མདོའི་ལས་དོན་ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གཉིས་པའི”རིང་མ་འཇོག་སྒོར་དུང་ཕྱུར་445བྱས་ནས་རྣམ་གྲངས་ཁག་151ལག་བསྟར་གྱིས་ཆབ་མདོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། ལྟེ་བའི་གྲོང་ཁུལ་སྣེ་འདྲེན་དུ་བྱེད་པ་དང་། གྲོང་ཁུལ་གསར་པ་འདེགས་སྐྱོར་དུ་བྱེད་པ། མཐའ་སྐོར་ལམ་ཐིག་གསུམ་གཅིག་ཏུ་སྦྲེལ་བ་བཅས་ཀྱི་གྲོང་རྡལ་གསར་པའི་རྣམ་པ་ཞིག་གང་མགྱོགས་སྐྲུན་པ་དང་། ཁ་རུབ་ཆུས་བཅིངས་འགྲོལ་ཐང་ཆེན་དང་། ཇ་རྟ་ལམ་ཆེན། རྒྱལ་ཁའི་ཟམ་པ་སོགས་གྲོང་སྲིད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སྒྲུབ་བྱས་པ། ཁ་རུབ་ཆུས་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱེད་སྐབས་གོང་རིམ་ལ་ཞུ་གཏུག་རྒྱག་མཁན་དང་ལས་འཛོལ་གང་ཡང་ཐོན་མེད་པའི་ཁར་བཤིག་སྤོའི་དུད་ཚང་1000ལྷག་ཙམ་གཅིག་རྗེས་གཉིས་མཐུད་སུ་ཁང་པ་གསར་པར་སྤོས་ཐུབ་པ་བྱུང་ཡོད། གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་འཆར་འགོད་དང་གཙོ་གནད་ཤང་གྲོང་60ཡི་འཆར་འགོད་སྒྲིག་ཁོངས་བཟོ་འགོད་བྱས་ནས་རྫོང་གྲོང་དང་། དེ་བཞིན་གཙོ་གནད་ཤང་གྲོང་གི་རྨང་གཞིའི་སྒྲིག་བཀོད། འགན་ལེན་སྡོད་ཁང་སོགས་ལས་གྲྭའི་འཕེལ་རིམ་བདེ་བླག་བྱུང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་21%ཟིན་པ། ཤང(ང་ལ)28ཀྱི་རྨང་གཞིའི་སྒྲིག་བཀོད་མཐོར་གཏོང་ལས་གྲྭ་དང་། གཅིག་སྡུད་བཀོད་སྒྲིག་ས་ཚིགས་57གྱི་དམངས་ཁང་2520བསྐྱར་སྐྲུན་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ནས་དུད་ཚང་16030ཡི་དམངས་ཁང་ཉམས་གསོ་བརྟན་གཏོང་ལས་དོན་ལེགས་གྲུབ་བྱུང་ནས་གནོད་འཚེ་ཕོག་པའི་མང་ཚོགས་དུང་ཚང་3770ཁང་པ་གསར་པའི་ནང་དགའ་དགའ་སྤྲོ་སྤྲོའི་ངང་སྤོ་རྒྱུ་བྱུང་ཡོད།

    དཔལ་འབྱོར་དང་། མ་འཇོག ནོར་ཁྲལ། སྲིད་འཛིན་མཆན་འགོད། ཞིང་འབྲོག་ཁུལ། གཞུང་ཁོངས་ཁེ་ལས་སོགས་གཙོ་གནད་ཁྱབ་ཁོངས་10ལྷག་ཙམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་པ། འགྲིམ་འགྲུལ་དང་། ཆུ་བེད། ཡུལ་སྐོར་སོགས་ལས་རིགས་རང་བཞིན་གྱི་མ་འཇོག་ཀུང་སི་གང་མགྱོགས་འཛུགས་བཞིན་ཡོད་པ། “གཉེར་སྐྱོང་དཔྱ་ཁྲལ་བསྡུ་བ་དེ་གནས་ཐང་འཕར་བའི་དཔྱད་ཁྲལ་བསྡུ་རྒྱུར་སྒྱུར་བའི”ལས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ། རྩྭ་ར་འགན་གཙང་དབང་ཆའི་ཐོ་འགོད་ལག་ཁྱེར་སྤྲོད་རྒྱུའི་ཚོད་ལྟའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ། དངུལ་རྩའི་ལས་རིགས་ཀྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། བཅོལ་དངུལ་དང་དངུལ་བུན་ལྷག་གྲངས་མངོན་གསལ་དོད་པོས་འཕར་བ། དངུལ་རྩའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། བོད་སྐྱོར་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཅིང་། 2010ལོ་ནས་བཟུང་རིམ་རྩིས་བརྒྱབ་ན། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་13.28དོན་འཁྱོལ་གྱིས་རྣམ་གྲངས་ཁག་237འཛུགས་སྐྲུན་བྱས་ནས་ཆབ་མདོའི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་བཏང་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུར་སྐུལ་མ་བཏང་བས་སྤྱི་དབང་མིན་པའི་དཔལ་འབྱོར་སྒྲིག་གཞི་དུད་ཚང་13614ཟིན་པ་དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་45.93ཟིན་ནས་མི་གྲངས་ཁྲི་5ལས་ཞུགས་བྱ་རྒྱུར་བསྡུས་པ་དང་། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཁག་87ལ་གན་རྒྱ་བཞག་པ། མ་དངུལ་སྒོར་དུང་ཕྱུར་16.7དམིགས་སར་འབྱོར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།