དབུ་ཤོག>གསར་འགྱུར།
  • ལོ་སྟོད་དུ་བོད་ལྗོངས་ཀྱིས་ཆུ་བེད་མ་འཇོག་སྒོར་དུང་ཕྱུར་46.6དོན་འཁྱོལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-11

    ཉེ་ཆར་གསར་འགོད་པས་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་ཆུ་བེད་ལས་དོན་གྱི་ཕྱོགས་སྡོམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་རང་ལྗོངས་ཀྱིས་ཆུ་བེད་མ་འཇོག་སྒོར་དུང་ཕྱུར་46.6དོན་འཁྱོལ་བྱས་ནས་ལོ་འགོའི་འཆར་གཞིའི་133%ལེགས་སྒྲུབ་བྱས་པ་དང་། རྣམ་གྲངས་ཁག་115གསར་དུ་ལས་འགོ་བཙུགས་ཡོད་པ་རེད།

    རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་ཟླ་བ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ལོ་འགོའི་རང་ལྗོངས་ཀྱི་ཆུ་བེད་མ་འཇོག་འཆར་གཞིའི་ལས་འགན་སྒོར་དུང་ཕྱུར་35ཡིན་པ་དང་། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཁྲོད་ཆུ་བེད་དང་འབྲེལ་བའི་རྣམ་གྲངས་ཡོངས་རྫོགས་སྐྲུན་འགོ་ཚུགས་ཡོད་པ་དང་། ལོ་ཧྲིལ་པོར་རྣམ་གྲངས་ཁག་132གསར་དུ་ལས་འགོ་འཛུགས་རྒྱུ་དང་རྣམ་གྲངས་ཁག་81ལས་འགོ་བསྐྱར་ཚུགས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། མིག་སྔའི་བར་ཆུ་བེད་མ་འཇོག་སྒོར་དུང་ཕྱུར་46.6དོན་འཁྱོལ་དང་། རྣམ་གྲངས་115གསར་དུ་ལས་འགོ་འཛུགས་པ། རྣམ་གྲངས་80ལས་འགོ་བསྐྱར་འཛུགས་བཅས་བྱས་ཡོད་པ་རེད། ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭའི་འཛུགས་སྐྲུན་འཕེལ་རིམ་བདེ་བླག་ཡོད་པ་དང་རགས་ཆེན་གྱི་ངོས་རྒྱོང་བའི་ལས་གྲྭ་སྤྱིར་ན་ལེགས་གྲུབ་ཟིན་ནས་གློག་གཏོང་ཆུ་འདྲེན་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་དང་འབྲེལ་བེད་སྤྱོད་གཏོང་འགོ་ཚུགས་ཡོད་པ་རེད། ལྷ་ལྷོ་ཆུ་བེད་ལྟེ་བའི་ལས་གྲྭ་དང་ཆུ་འདྲེན་ཁུལ་གྱི་ལྷན་སྦྱར་ལས་གྲྭར་རིམ་རྩིས་ལྟར་ན་མ་དངུལ་སྒོར་དུང་ཕྱུར་4བཏང་ཡོད་པ་དང་། ཡར་ལུང་ཆུ་མཛོད་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་ཡོད་པ་རེད།

    གཙོ་གནད་ཆུ་འདྲེན་ཁུལ་གྱི་མཐུད་སྐྲུན་རྣམ་གྲངས་དང་ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཆུང་གྲས་ལག་ལེན་བསྟར་མགྱོགས་སུ་བཏང་ཡོད་ཅིང་། སྔོན་དཔག་ལྟར་ན་འདི་ལོའི་ལོ་མཇུག་གོང་ལྗོངས་ཡོངས་ཀྱི་ཞིང་ནང་གི་ནུས་ལྡན་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་350ཟིན་རྒྱུ་ཡིན་པ་རེད། མཐུད་སྐྲུན་རྣམ་གྲངས་ཐད་འདི་ལོ་མ་དངུལ་སྒོར་དུང་ཕྱུར་18.45ཡི་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་རྒྱུ་དང་། ལྷག་དོན་དུ་ཕུ་མདོ་ཆུ་བེད་དང་ཡར་ལུང་ཆུ་མཛོད་ཀྱིས་འདི་ལོའི་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།