དབུ་ཤོག>གསར་འགྱུར།
  • སྐྱིད་གྲོང་འགག་སྒོའི་མཐའ་མཚམས་མི་སེར་གྱིས་ཀུང་སི་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-07-10

    ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གཞིས་རྩེའི་འགག་སྒོ་ལས་ཁུངས་སྐྱིད་གྲོང་འགག་སྒོ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་གི་ཟླ་12པར་སྐྱིད་གྲོང་འགག་སྒོ་དངོས་སུ་སྒོ་དབྱེ་རྒྱ་ཆེར་བཏང་བ་ནས་བཟུང་ཡུལ་དེ་གའི་མཐའ་མཚམས་མི་སེར་སྔར་བས་མང་བ་མཐའ་མཚམས་ཉོ་ཚོང་ནང་ཞུགས་འགོ་ཚུགས་ཡོད་པ་རེད།

    ཀྲུང་གོ་དང་ནེ་པ་ལའི་སྐྱིད་གྲོང་འགག་སྒོ་ནི་2014ལོའི་ཟླ་12ཚེས་1ཉིན་དངོས་སུ་སྒོ་དབྱེ་རྒྱ་ཆེར་བཏང་བ་དང་དེ་ནི་སྔོན་ཆད་བོད་དང་ནེ་པ་ལའི་དབར་གྱི་སྐམ་ལམ་གྱི་ཚོང་འགྲུལ་འགག་སྒོ་ཆེ་ཤོས་ཡིན། འགག་སྒོ་དེ་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ལྷོ་རྒྱུད་ཀྱི་སྤྱི་ལེ་78ཀྱི་སར་གནས་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སའི་དབར་སྤྱི་ལེ་830ཡོད་ཅིང་། ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་དང་བར་ཐག་སྤྱི་ལེ་131.5ཡོད་པ་རེད།

    སྒོ་དབྱེ་རྒྱ་ཆེར་བཏང་ཚུན་ཡུལ་དེ་གའི་མཐའ་མཚམས་མི་སེར་གྱི་ཚོང་འདུས་ཉིན་བཞིན་འཁྲུག་ཆ་དོད་པོར་སོང་བ་མ་ཟད་སྤྱིར་བཏང་ཉོ་ཚོང་དང་མཐའ་མཚམས་གྲངས་ཉུང་ཉོ་ཚོང་སོགས་མཐའ་མཚམས་ཉོ་ཚོང་གི་སྣ་ཁ་ཡང་འཁྲུག་ཆ་དོད་དུ་ཕྱིན་པ་དང་། མིག་སྔར་སྐྱིད་གྲོང་གྲོང་རྡལ་གྱིས་ཆེད་དམིགས་མཐའ་མཚམས་ཉོ་ཚོང་གི་ལས་ཀ་སྒྲུབ་པའི་ཀུང་སི་8བཙུགས་ཟིན་པ་དང་ཁེ་ལས་ཀྱི་ཁྲིམས་མི་ཕལ་ཆེ་བ་ནི་ཡུལ་དེ་གའི་མཐའ་མཚམས་མི་སེར་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ཚོང་ཟོག་གཙོ་བོ་ནི་གྱོན་གོས་དང་། ཉིན་མཁོའི་དངོས་རྫས། ལུག་སོགས་ཡིན་ལ་ནང་འདྲེན་ཚོང་ཟོག་ནི་འབྲས་དང་། གྲོ་ཞིབ། ཟངས་ཀྱི་ཐོན་རྫས་སོགས་རེད། 2014ལོའི་ཟླ་1ནས་ཟླ་12པའི་བར་མཐའ་མཚམས་མི་སེར་གྱི་ཚོང་འདུས་ཀྱི་ནང་འདྲེན་དང་ཕྱིར་གཏོང་གི་ཟོག་འདྲེན་རིན་ཐང་སྒོར་ཁྲི(མི་དམངས་ཤོག་སྒོར། གཤམ་མཚུངས)3006.49ཟིན་པ་དེ་དུས་མཚུངས་ལས་ལྡབ་3.46འཕར་བའི་ཁྲོད་ནང་འདྲེན་དངོས་ཟོག་སྒོར་ཁྲི་1366.05དང་ཕྱིར་གཏོང་སྒོར་ཁྲི་1640.44ཡིན་པ་དེ་ལྡབ་1.52དང་ལྡབ་11.37སོ་སོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།