དབུ་ཤོག>གསར་འགྱུར།
  • ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ལ་བརྩི་མཐོང་ཆེན་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ སུན་ཝུན་ཅོན་གྱིས།   |     སྤེལ་དུས།  2015-07-10

    ལྷ་སའི་གྲོང་ཁུལ་རྙིང་པའི་གནའ་བོའི་སྐྲུན་དངོས་ལ་ཅུང་ཆ་ཚང་བའི་གྲོང་ཁུལ་དང་། ཁྲོམ་གཞུང་། འཛུགས་སྐྲུན་དངོས་པོ་བཅས་ཀྱི་སྲོལ་རྒྱུན་རྣམ་པ་ལྡན་པ་དང་། ལྷ་སའི་གྲོང་ཁུལ་རྙིང་པའི་ལོ་རྒྱུས་ཀྱི་རྣམ་པ་གཞི་རྩའི་ཆ་ནས་རང་སོར་བཞག་ཡོད་པས་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་དང་ཁྱོན་ཡོངས་སྲུང་སྐྱོབ་བྱེད་པའི་རིན་ཐང་ལྡན་ཡོད། གྲོང་ཁུལ་རྙིང་པའི་གྲོང་མི་ཚོས་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་དང་ལྷད་མེད་ཀྱི་དད་སེམས་སོར་ཉར་བྱས་པས། གསོན་ཉམས་དང་སྐྱེ་སྟོབས་ལྡན་པའི་རྣམ་ཀུན་གྱི་འཚོ་བའི་རྣམ་པ་ལྡན་ལ་དམིགས་བསལ་གྱི་རིག་གནས་རིན་ཐང་ཡང་ལྡན་ཡོད། ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ལ་བརྩི་མཐོང་ཆེན་པོ་བྱེད་པར་དོ་དམ་ལ་ཤུགས་རྒྱག་པ་དང་བབ་མཐུན་གསར་འབྱེད་བྱེད་དགོས།

    འཆར་འགོད་དང་བཅའ་ཁྲིམས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྲུང་སྐྱོབ་བྱེད་པ་དང་དོ་དམ་ལ་ཤུགས་རྒྱག་དགོས། 1995ལོའི་ཟླ་12པར་གྲོང་ཁུལ་རྙིང་པ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁག་དང་པོ་དང་སྲུང་སྐྱོབ་ཁུལ་གྱི་མིང་ཐོར་བཅུག་ཡོད། ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་གི་ཞིབ་ཕྲའི་འཆར་འགོད》དང《ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་གནའ་བོའི་གྲོང་ཁྱེར་སྲུང་སྐྱོབ་འཆར་འགོད》 《ལྷ་ས་གྲོང་ཁྱེར་གྱི་རིག་དངོས་སྲུང་སྐྱོབ་འཆར་འགོད》སོགས་སྔ་རྗེས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས་པས་ལོ་རྒྱུས་རིག་གནས་དང་འབྲེལ་བའི་གྲོང་ཁུལ་རྙིང་པའི་ལས་དོན་ལ་ཚན་རིག་དང་མཐུན་པ་དང་། ཚད་གཞི་ལྡན་པ། གཞི་འཛིན་ས་ཡོད་པ་བཅས་བྱུང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་ཆོག་མཆན་གནང་བའི《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་སྲོལ་ཡིག》དེ་2013ལོའི་ཟླ་10ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་དང་། ལྷ་སའི་གྲོང་ཁུལ་རྙིང་པའི་ལོ་རྒྱུས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ལའང་ཁྲིམས་ལྟར་སྲུང་སྐྱོབ་ཐུབ་ཡོད།

    མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གནའ་བོའི་སྒོ་ར་དེ་དག་ཉམས་གསོ་དང་སྲུང་སྐྱོབ་བྱེད་དགོས། རིག་གནས་ནི་གྲོང་ཁྱེར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་མཁན་ཞིག་རེད་ལ། གྲོང་ཁྱེར་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་བླ་སྲོག་ལྟ་བུ་ཞིག་ཀྱང་རེད། གྲོང་ཁྱེར་ཞིག་གིས་དུས་རབས་ཀྱི་འཕེལ་རྒྱས་བླང་བྱ་དང་མཐུན་དགོས་ལ། དུས་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་དེང་རབས་ཅན་དུ་འགྱུར་བའི་བསྒྱུར་བཀོད་ཀྱང་བྱེད་དགོས་། ལྷ་སའི་གནའ་གྲོང་དུ་རྩ་ཆེའི་རིག་དངོས་དང་ལོ་རྒྱུས་ཀྱི་བཟོ་སྐྲུན་འབོར་ཆེན་ཞིག་ཉར་ཚགས་བྱས་ཡོད་པ་དེ་དག་ལ་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་ཞིབ་འཇུག་བཅས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད་པས། མིའི་རིགས་ཀྱིས་ཡུན་རིང་དུ་སྲུང་སྐྱོབ་བྱེད་རིན་ཡོད་པ་ཞིག་རེད། ཉམས་གསོ་བྱས་རྗེས་ཀྱི་གནའ་བོའི་སྒོ་ར་ཆེ་མོ་དེ་དག་གཙོ་བོ་གྲོང་མིའི་འཚོ་བར་སྤྱོད་རྒྱུ་ཡིན་པ་དང་། སྒོ་ར་ཆེ་མོ་དེ་དག་ཉམས་གསོ་བྱེད་སྐབས་ལོ་རྒྱུས་དང་། མི་རིགས། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིག་གནས་ཤུལ་བཞག་ལ་འགན་འཁུར་བའི་རྣམ་འགྱུར་ལ་དམིགས་པ་དང་། སྲོལ་རྒྱུན་གྱི་ཁྲོམ་གཞུང་གི་རྣམ་པ་དངོས་དང་རིག་གནས་ཀྱི་རིན་ཐང་ལ་བརྩི་འཇོག་གང་ལེགས་བྱས་ཏེ་བཅའ་ཁྲིམས་དང་། དཔལ་འབྱོར། སྲིད་འཛིན་སོགས་ཀྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། མེ་ཟོན་དང་རྐུ་འགོག་སོགས་ཀྱི་བདེ་འཇགས་སྒྲིག་བཀོད་ལ་བསྒྱུར་བཀོད་ཀྱང་བྱེད་དགོས། སྲོལ་རྒྱུན་བཟོ་སྐྲུན་གྱི་བཟོ་རྩལ་སྤྱོད་པ་དང་སྲོལ་རྒྱུན་གྱི་ཨར་སྐྲུན་རྒྱུ་ཆ་བེད་སྤྱོད་མཐའ་འཁྱོངས་བྱེད་དགོས་ལ། གཉེར་སྐྱོང་པས་ཀྱང་གནའ་བོའི་བཟོ་སྐྲུན་སྲུང་སྐྱོབ་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལུགས་མཐུན་ངང་གསར་སྤེལ་བྱས་ནས་ལོ་བརྒྱའི་གནའ་བོའི་སྒོ་རའི་ནང་ནས་ཡུན་རིང་གི་ལོ་རྒྱུས་ཁྲོད་དུས་རབས་ཀྱི་གསོན་ཉམས་དང་སྐྱེ་སྟོབས་གསར་པ་ལྡན་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།