དབུ་ཤོག>གསར་འགྱུར།
  • གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་སྐབས་གཙོ་བོ་ཁྱད་ཆོས་འབུར་དུ་ཐོན་པ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ ལིའུ་ཆན་རུའུ་ཡིས།   |     སྤེལ་དུས།  2015-07-10

    གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཡག་པོ་བཏང་ཐུབ་ན། ཐག་རིང་ནས་ཡོང་བའི་ཡུལ་སྐོར་བས་གྲོང་ཁྱེར་དང་མི་འདྲ་བའི་གྲོང་གསེབ་ཀྱི་འཚོ་བ་མྱོང་ཚོར་ངོ་མ་ཐུབ་རྒྱུ་མ་ཟད། ད་དུང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལའང་ཕན་པ་ཐོབ་རྒྱུ་རེད།

    གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ན། གཅིག་ནས་ས་གནས་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞི་འཛུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པའི་ཕྱོཌ་ནས་བསམ་གཞིག་བྱེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ཐབས་ཇུས་འདིང་བ། ལུཌ་དང་མཐུན་པའི་གཅིག་གྱུར་འཆར་གཞི་འགོད་པ་བཅས་ཀྱི་ཐོག་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་སྤྱིའི་འཆར་གཞི་དང་གྲོང་གསེབ་གསར་པ་འཛུཌསྐྲུན་བྱ་རྒྱུའི་འཆར་གཞིའི་ནང་འགོད་དགོས།

    གཉིས་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དང་ཞིང་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་གཉིས་ཟུང་འབྲེལ་དང་ཡུལ་སྐོར་ལས་རིགས་དང་ཞིང་འབྲོག་ལས་གཉིས་ཟུང་འབྲེལ་བྱས་ནས་ཐོན་ལས་དང་པོ་ཐོན་ལས་གསུམ་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། དུས་མཚུངས་སུ་ས་གནས་དེ་གའི་ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གྲོང་གསེབ་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་གསེབ་ཡུལ་སྐོར་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ས་ཁོངས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པའི་གྲོང་གསེབ་ཡུལ་སྐོར་རྣམ་གྲངས་ཆགས་པར་བྱེད་དགོས། ཞིང་དུད་སྤྲོ་སྐྱིད་ཁང་དང་འབྲོག་དུད་སྤྲོ་སྐྱིད་ཁང་གཉེར་མཁན་མང་དུ་གཏོང་བ་དང་། ཁྱད་ལྡན་ཡུལ་སྐོར་གྲོང་ཚོ་འཛུགས་སྐྲུན། ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་གསར་གཏོད་སོགས་བྱས་ནས་ས་གནས་ཀྱི་ཁྱད་ཆོས་སྔར་བས་འབུར་དུ་ཐོན་པ་བྱེད་དགོས་པ་དང་གྲོང་གསེབ་ཡུལ་སྐོར་གྱི་ཤུགས་རྐྱེན་ཆེ་རུ་གཏོང་དགོས།

    གསུམ་ནས་གྲོང་གསེབ་ཡུལ་སྐོར་དེ་ཞིང་འབྲོག་ཁུལ་གྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་། ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་སོགས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་ལ་དོན་སྙིང་ལྡན་པ་ཞིག་རེད། དེས་ན་ཕྱོགས་གཅིག་ནས་གཙོ་གཉེར་སྡེ་ཚན་གྱིས་ཁྱོན་ཡོངས་ནས་སྟངས་འཛིན་བྱེད་དགོས་ཤིང་། གྲོང་གསེབ་ཡུལ་སྐོར་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་རྩེར་སོན་ཐོན་རྫས་འདོན་པ། དྲིལ་བསྒྲགས་མཚམས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཡུལ་སྐོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་མུ་མཐུད་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱེད་དགོས། ཕྱོགས་གཞན་ཞིག་ནས་ཤེས་དཔལ་ཡུལ་སྐོར་དར་སྤེལ་བཏང་སྟེ་གནས་ལྗོངས་ཚང་མ་ནས་ཤེས་དཔལ་གྱི་རྣམ་པ་ཐོན་པར་བྱེད་དགོས། རང་ལྗོངས་ཀྱི་ས་ཁམས་དང་གནམ་གཤིས་ཆ་རྐྱེན་དམིགས་བསལ་ཆེ་བ་དང་དེ་བཞིན་རང་བྱུང་སྣོད་བཅུད་དང་རིག་གནས་གནའ་ཤུལ་ཚང་མར་གཏོར་སྐྱོན་ཕོག་སླ་བས་ཤེས་དཔལ་ཡུལ་སྐོར་བྱ་རྒྱུ་དུས་དང་རྣམ་པ་ཀུན་ཏུ་མི་བརྗེད་པ་བྱེད་དགོས་པ་དང་། མཛེས་ལྗོངས་མིག་གིས་ལོངས་སུ་སྤྱོད་པའི་དུས་སུ་རང་ལྗོངས་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་མི་བརྗེད་པ་བྱེད་དགོས་པ། རིག་གནས་གནའ་ཤུལ་ལ་ལྟ་སྐོར་བྱེད་སྐབས་རྩ་ཆེའི་རིག་དངོས་གཏོར་བཤིག་གཏོང་མི་རུང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་སྐྱོད་སྐབས་གཞན་ལ་བརྩི་འཇོག་གི་འདུ་ཤེས་བརྟན་པོ་ཞིག་འཛུགས་དགོས་པ་དང་ཡུལ་སྐོར་ལས་དོན་ཁང་ཁག་གིས་སྔོན་དུ་སློབ་གསོའི་ལས་དོན་སྤེལ་ཏེ་ཡུལ་སྐོར་བར་གསལ་བཤད་ཞིབ་ཕྲ་བྱེད་དགོས་པ་དང་། བླང་བྱ་ཁ་གསལ་འདོན་དགོས་པ་མ་ཟད། ད་དུང་ཡུལ་སྐོར་བར་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་བྱ་རྒྱུའི་དྲན་སྐུལ་ཡང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།